ཀྲུང་དབྱང་དངུལ་ཁང་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་པར་འགྲེམས་བྱས་ནས། དངུལ་རྩའི་རྒྱབ་སྐྱོར་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས། དམངས་གཉེར་དཔལ་འབྱོར་དར་རྒྱས་སྟོབས་ཆེར་འགྲོ་རྒྱུར་རམས་འདེགས་བྱ་རྒྱུ་བསྟན་པ།
2023-11-28 11:32:00 责编:娜科
ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་བརྒྱད་ཀྱིས《དངུལ་རྩའི་རྒྱབ་སྐྱོར་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས། དམངས་གཉེར་དཔལ་འབྱོར་དར་རྒྱས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཏེ། དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཁག་25བཏོན་ནས། དམངས་གཉེར་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
《བརྡ་ཐོའི》ནང་། དམངས་གཉེར་ཁེ་ལས་ཀྱི་ལོ་འཁོར་གྱི་ཞབས་ཞུའི་དམིགས་ཚད་བཟོ་བ་དང་། ཞབས་ཞུའི་དམངས་གཉེར་ཁེ་ལས་ཀྱི་འབྲེལ་ཡོད་ལས་སྒོས་གྲུབ་འབྲས་དཔྱད་ཞིབ་ཁྲོད་བཟུང་བའི་གནས་བབ་མཐོ་རུ་བཏང་བ་བརྒྱུད། དམངས་གཉེར་ཁེ་ལས་ཀྱིས་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། ཚན་རྩལ་གསར་གཏོད་དང་། “ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཁྱད་ལྡན་ཅན། དཔེ་གསར་ཅན་བཅས”དང་། ལྗང་མདོག་ཐཱན་ཉུང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལས་གྲྭ་སོགས་གཙོ་གནད་ཁྱབ་ཁོངས་དང་དེ་བཞིན་དམངས་གཉེར་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་གསལ་བཏོན་བྱས་ཡོད།
《བརྡ་ཐོའི》ནང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་བུན་ཐེངས་དང་པོ་གཡར་བ་དང་། ཡིད་རྟོན་བུན་གཏོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་དངུལ་རྩའི་ཞབས་ཞུ་ཧུར་ཐག་སྤེལ་བ་དང་། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་རྒྱུན་མཐུད་ཞབས་ཞུ་རང་འགུལ་ངང་ཡག་པོ་སྒྲུབ་པ་དང་དུས་མཚུངས་འཕེལ་རྒྱས་ལ་སྐུལ་འདེད་དང་ཉེན་ཁ་སྔོན་འགོག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་བུ་ལོན་གྱི་མ་རྩ་བསྡུ་སྒྲུབ་བྱེད་ཐབས་ཀྱི་ཐོ་འགོད་ལམ་སྲོལ་ལེགས་སྒྱུར་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་བུན་འཛིན་མ་རྩ་བསྡུ་ཁྱོན་ཆེ་རུ་གཏོང་དགོས། སྒྲིག་གཞིའི་མ་དངུལ་འཇོག་མཁན་གྱིས་དམངས་གཉེར་ཁེ་ལས་ཀྱི་བུན་འཛིན་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་བུན་འཛིན་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
《བརྡ་ཐོའི》ནང་། དངུལ་ལོར་གྱི་སྲིད་ཇུས་ཡོ་བྱད་དང་། ནོར་སྲིད་བྱ་དགའི་ཁ་གསབ། འགན་བཅོལ་འགན་ལེན་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ། དངུལ་རྩའི་སྒྲིག་གཞིའི་དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་དགོས། སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་། མ་དངུལ་བསྡུ་སྒྲིལ་འགན་ལེན། སྐྱེད་འཐེན་སྔོན་སྤྲོད་ལ་སྟབས་བདེ་བསྐྲུན་པ། བསྡུ་དགོས་པའི་རྩིས་ཁྲའི་དངུལ་གྲངས་གཏན་འཁེལ་བྱེད་དབང་། ཁྲལ་བསྡུ་སོགས་ལེ་ལག་ཚང་བའི་སྲིད་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དམངས་གཉེར་དཔལ་འབྱོར་གྱི་དངུལ་རྩའི་ཐེག་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།