ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གཞི་ཁྱོན་བརྟན་པོ། གྲུབ་གཞི་ལེགས་པ། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལེགས་པའི་ཕྱོགས་སུ་གོང་འཕེལ་ཕྱིན་པ།

2023-11-28 10:02:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནས་བཟུང་། འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོའི་ཕྱི་ཕྱོགས་ཉོ་ཚོང་ཡོངས་ཁྱབ་ཐོག་ཆགས་ཤུགས་ཆེ་རུ་ཕྱིན་པའི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་དེ་ཉིད་བརྟན་པའི་རྨང་གཞིའི་ཐོག་ཟམ་མི་ཆད་པར་བརྟན་དུ་འགྲོ་བཞིན་ཡོད་པ་དང་། གོང་འཕེལ་འགྲོ་བའི་རྣམ་པ་མངོན་གསལ་དོད་པོ་ཡོད་པ་རེད།

ཟླ་༡༡པར་སླེབས་རྗེས། རང་རྒྱལ་གྱི་རྒྱལ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱི་ཚོང་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་དང་། ཕྱི་རྒྱལ་གྱི་མངགས་ཐོ་ཡང་ཆེས་མང་བའི་དུས་སུ་སླེབས་ཡོད། ཁྲལ་སྲུང་ཁུལ་གྱི་མཛོད་ཁང་ནང་། བྲེལ་འཚུབ་ཀྱིས་རྣམ་པ་ཁེངས་བཞིན་ཡོད་པ་དང་། རང་འགུལ་སྐྱེལ་འདྲེན་བྱ་ཡུལ་དུ་གྲངས་ཀྱི་མི་ལངས་བའི་མྱུར་སྐྱེལ་ཐུམ་སྒྲིལ་ཡང་མཐོང་རྒྱུ་ཡོད།
ད་ལོ་ནས་བཟུང་། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གོང་འཕེལ་གསོན་ཤུགས་མུ་མཐུད་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་རྣམ་པ་ཡང་མུ་མཐུད་ནས་སྲ་བརྟན་དུ་ཕྱིན་ཡོད། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་དུས་མཚུངས་དང་བསྡུར་ན་བསྐྱར་འཕར་བྱུང་ཡོད་པ་རེད།

ཀོང་ཏུང་ཧྲེན་ཀྲེན་དུ། རྒྱལ་ཁོངས་ནས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་ཕྱིར་གཏོང་ནང་འདྲེན་གྱི་གྲངས་འབོར་ན་ནིང་ལོ་ཧྲིལ་པོ་ལས་བརྒལ་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་76.48འཕར་ཡོད། ཧོ་ནན་ཁའེ་ཧྥེང་རུ། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་85དང་བྱེ་བ་1ཟིན་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་70.4འཕར་ཡོད། ཧེ་ལུང་ཅང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཧེ་ཧོ་ལྷེབ་ཁུལ་དང་། ཕྱི་རྒྱལ་མཛོད་ཁང་། མཐའ་མཚམས་མཛོད་ཁང་། བར་བརྒྱུད་མཛོད་ཁང་སོགས་མཛོད་ཁང་མང་པོ་མཉམ་འགུལ་མངོན་འགྱུར་བྱུང་ཡོད་པ་དང་། ཉོ་ཚོང་གི་གྲངས་འབོར་མགྱོགས་མྱུར་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཅང་སུའུ་རུ་ཕྱི་ཕྱོགས་ཉོ་ཚོང་གི་རྣམ་པ་གསར་པ་གསུམ་ཞེས་པའི་ཕྱིར་གཏོང་གིས་མུ་མཐུད་ལམ་སྣེ་ཁྲིད་བཞིན་ཡོད་པ་དང་། ཟླ་དང་པོ་ནས་ཟླ་བཅུ་པའི་བར་གྱི་ཕྱིར་གཏོང་བྱེད་ཚད་བརྒྱ་ཆ་16.2འཕར་ཡོད་པ་རེད།

དེ་མིན། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་འགྲོ་བའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད། འཕྲུལ་གློག་དང་། མཐོ་གསར་ལག་རྩལ་སོགས་ཐོན་རྫས་གཙོ་བོ་ཕྱིར་གཏོང་ནང་འདྲེན་བྱེད་རྒྱ་ཆེན་པོ་ཡོད་པ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གྲུབ་གཞི་ཟམ་མི་ཆད་པར་ལེགས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཉོ་ཚོང་བསྡོམས་འབོར་འཕར་སྣོན་མྱུར་པོ་བྱུང་ཡོད་པ་དང་། ཉོ་ཚོང་ཁྲོམ་ར་སྣ་མང་ཅན་ཕྱོགས་སུ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད།

ད་ལོའི་དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པར། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་ཁག་སོ་སོར་སྒོར་དུང་ཕྱུར་ཁྲི་དགུ་དང་བདུན་སྟོང་ཉིས་བརྒྱ་དང་། སྒོར་དུང་ཕྱུར་ཁྲི་བཅུ་དང་ཉིས་སྟོང་དགུ་བརྒྱ། སྒོར་དུང་ཕྱུར་ཁྲི་བཅུ་དང་བདུན་སྟོང་དགུ་བརྒྱ་བཅས་ཡིན་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་ཡང་དུས་ཚིགས་ལས་མ་འདས་པར་འཕར་སྣོན་འགྲོ་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

གཞི་ཁྱོན་བརྟན་པོ། གྲུབ་གཞི་ལེགས་པ། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལེགས་པའི་ཕྱོགས་སུ་གོང་འཕེལ་ཕྱིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནས་བཟུང་། འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོའི་ཕྱི་ཕྱོགས་ཉོ་ཚོང་ཡོངས་ཁྱབ་ཐོག་ཆགས་ཤུགས་ཆེ་རུ་ཕྱིན་པའི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་དེ་