ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ།

2023-11-28 09:56:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་གཏོང་གནང་མཛད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། སྤྱི་ལོ་2019ལོའི་ཟླ་12པའི་ཚེས་1ཉིན། ༼འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་འཆར་འགོད་རྩ་གནད་༽ཅེས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གཞི་གཅིག་ཅན་དང་སྤུས་མཐོའི་གོང་འཕེལ་ལ་དམ་པོར་དམིགས་ནས་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ལ་ཕན་འབྲས་རྒྱུན་ཆད་མེད་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཉེ་བའི་ལོ་ཤས་ནང་། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་འཆར་གཞི་མཉམ་བཀོད་དང་ལག་ལེན་མཉམ་བསྟར་གྱིས་། འབྲི་ཆུའི་ཟུར་གསུམ་གླིང་སྤུས་ཀ་དེ་བས་ལེགས་པའི་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་བཞིན་ཡོད་པ་རེད།

སུའུ་ཀྲོའུ་འཁོར་ལམ་འགྲིམ་འགྲུལ་ལམ་ཐིག་11པ་ཟླ་5པའི་ནང་དངོས་སུ་ཤར་གཏོང་ཐུབ་པ་ནས་བཟུང་། ཧྲང་ཧའེ་འཁོར་ལམ་འགྲིམ་འགྲུལ་ལམ་ཐིག་11དང་བར་མཚམས་མེད་པར་སྦྲེལ་མཐུད་ཐུབ་པས། འགྲུལ་པ་དེ་བས་མང་བས་ཧྲང་ཧའེ་དང་སུའུ་ཀྲོའུ་ས་ཆ་གཉིས་སུ་འཚོ་བ་རང་མོས་ངང་སྐྱེལ་རྒྱུ་སྔར་བས་སྟབས་བདེ་རུ་བཏང་ཡོད། དེའི་གོང་། སུའུ་ཀྲོའུ་ཡི་ཨ་ཅག་ཞུས་ལགས་ཧྲང་ཧའེ་རུ་གཉེན་ཉེ་ཐུག་པར་འགྲོ་དུས་མྱུར་བགྲོད་མེ་འཁོར་བསྡད་དགོས་ཀྱི་ཡོད། ད་ཆ་ས་འོག་ལྕགས་ལམ་གྱི་སྤ་སེ་གཅིག་བྱུང་ན་བདེ་འཇགས་ཞིབ་བཤེར་དང་པ་སེ་བཤེར་བ་སོགས་ཐེངས་གཉིས་པ་བྱེད་དགོས་མེད་པར་སྟབས་བདེ་པོའི་ངང་ནས་འགྲོ་འོང་བྱེད་ཐུབ་ཀྱི་ཡོད་པ་རེད།

ཟླ་བ་འདིའི་ནང་། འབྲི་ཆུའི་ཟུར་གསུམ་གླིང་འགྲིམ་འགྲུལ་ཁྱབ་ཁོངས་སུ་རྩ་གཉིས་ཨང་རྟགས་གཅིག་གིས་ཤར་བགྲོད་ཐུབ་རྒྱུ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་དང་། འབྱུང་འགྱུར་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་། འཁོར་ལམ་འགྲིམ་འགྲུལ་དེ་བས་མང་བ་དངོས་སུ་མཉམ་འབྲེལ་མཉམ་མཐུད་ཚོད་ལྟའི་གྲོང་ཁྱེར་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

འཁོར་ལམ་ཐོག་གི་འབྲི་ཆུའི་ཟུར་གསུམ་གླིང་མགྱོགས་མྱུར་གྲུབ་པ་ནི། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གོང་འཕེལ་འཐབ་ཇུས་ཀྱི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། 2018ལོའི་ཟླ་11པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། དེ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་མཐོར་འདེགས་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་གང་ལེགས་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ་བཅས་ཀྱི་ཐོག་ནས། འགོ་འཛུགས་ས་དེ་བས་མཐོ་བའི་བསྒྱུར་བཅོས་ཟབ་གཏོང་དང་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་ཡོད།

ལོ་ལྔའི་ནང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གོང་འཕེལ་གྱི་བཟང་ཆ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་ཅིང་། ཁྱིམ་ཀྲེ་ཅང་ཅ་ཞིང་ཅ་ཧྲན་རྫོང་དུ་ཡོད་པའི་ཝང་ཀྲེ་ཆང་སྐྱེལ་འདྲེན་ལས་ཀ་བྱེད་མཁན་ཞིག་རེད། ད་ལོ་ལས་སྒོ་ཅང་སུའུ་ལ་རྒྱ་སྐྱེད་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། ཀུང་སི་གསར་པ་སུའུ་ཀྲོའུ་རུ་བཙུགས་ཡོད། མི་རིང་བའི་གོང་དུ། ཁོང་ཅ་ཧྲན་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་འབྲི་ཆུའི་ཟུར་གསུམ་གླིང་དྲ་གཅིག་ཀུན་སྒྲུབ་ཆེད་ལས་གཉེར་ཁུལ་དུ་འགྲོ་ལུགས་གཉེར་བར་སླེབས་ཡོད། དུས་ཐུང་ཉིན་ཕྱེད་ཙམ་ཡང་མི་འགོར་བར་ཀུང་སི་གསར་པའི་ལས་གཉེར་ལག་ཁྱེར་རག་ཡོད། ཝང་ཀྲེ་ཆང་གིས། སྔོན་ཆད་ཉུང་ཤོས་ལའང་ཉིན་བདུན་བརྒྱད་འགོར་གྱི་རེད། མ་ཟད་ཡར་རྒྱུག་མར་རྒྱུག་ཐེངས་གསུམ་བཞི་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད།

འབྲི་ཆུའི་ཟུར་གསུམ་གླིང་གི་༼དྲ་གཅིག་ཀུན་སྒྲུབ་༽དེ་2019ལོའི་ཟླ་5པའི་ནང་དངོས་སུ་ལག་ལེན་བྱེད་འགོ་ཚུགས་པ་དང་། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་མཉམ་ལས་གང་ལེགས་བྱས་པས། མིག་སྔའི་བར་སྲིད་དོན་ཞབས་ཞུའི་བྱ་དོན་ཁག་150ལྷག་ཞིང་ཆེན་བརྒལ་ནས་ཐད་ཀར་གཉེར་ཐུབ་ཀྱི་ཡོད་པ་རེད།

ཆུ་ཚད་མཐོ་བའི་རྒྱལ་ཁབ་ཚོད་ལྟ་ཁང་མ་ལག་མཉམ་འཛུགས་དང་G60ཚན་གཏོད་བར་ཁྱམས་ཐོན་ལས་གསར་གཏོད་རྒྱུད་མགྱོགས་མྱུར་བསྐྲུན་པ་སོགས་བརྒྱུད། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་མཐུན་སྦྱོར་གསར་གཏོད་ཀྱང་མགྱོགས་མྱུར་གོང་འཕེལ་ཕྱིན་ཡོད། 2022ལོར། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ཞིབ་འཇུག་དང་ཚོད་ལྟའི་གོང་འཕེལ་གྲོན་དངུལ་གྱིས་རྒྱལ་ཡོངས་ཀྱི་བསྡུར་གྲངས་ཀྱི་བཅུ་ཆ་གསུམ་ལྷག་བཟུང་ཡོད། གསར་གཏོད་ཀྱི་འབྲེལ་ཐག་ནས་ཐོན་ལས་ཀྱི་འབྲེལ་ཐག་བར། འཛམ་གླིང་རིམ་པའི་ཐོན་ལས་ཚོགས་པ་ཁག་གཅིག་འབྲི་ཆུའི་ཟུར་གསུམ་གླིང་དུ་མགྱོགས་མྱུར་གོང་འཕེལ་ཕྱིན་ཡོད། ཨན་ཧུའེ་ཞིང་ཆེན་ཚན་རྩལ་ཐིང་གི་འགོ་འཛིན་ལུའོ་ཕིང་གིས། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་མཉམ་སྐྲུན་དང་། ལྟེ་བའི་འགག་རྩའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། འབྲི་ཆུའི་ཟུར་གསུམ་གླིང་གི་ཚན་རྩལ་གསར་གཏོད་ཀྱི་གཅིག་མཐུན་མ་ལག་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྔོན་འགྲོ་དང་འགག་གཏོར་བྱེད་ས་ཡིན་པའི་ངོས་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་འབྱུང་ཁམས་སྦགས་མེད་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་གྱིས་ཀྱང་སྲིད་འཛིན་ས་ཁོངས་སྒྲོལ་ནས་མཉམ་སྐྲུན་མཉམ་སྤྱོད་དང་འབྱུང་ཁམས་ཤེས་དཔལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕན་ཚུན་གཅིག་རོགས་གཅིག་ཕན་གྱི་ཐབས་ལམ་གསར་པ་བཏོད་དེ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་གཏོང་བའི་དཔེ་སྟོན་ཁུལ་དུ་གྱུར་ཡོད། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འཕེལ་རྒྱས་པུའི་པུའུ་ཀྲང་གཞོན་པ་ཧྥང་ཧྲའོ་ཧྭ་ཡིས། གྲོང་ཁྱེར་གཅིག་མིན་ན་ཡང་གྲོང་ཁྱེར་གཅིག་དང་འདྲ་བར་ས་ཁོངས་ལས་སྒྲོལ་བའི་ཚོར་སྣང་མེད་པའི་སྤྱི་པའི་ཞབས་ཞུའི་ཉམས་ལེན་ཁུལ་བཏོད་ཡོད། དཔེ་སྟོན་ཁུལ་གྱི་འབྱུང་ཁམས་སྦགས་མེད་གཞི་ཐིག་དང་། ཡུལ་ལྗོངས་བཟང་པོ་དེ་ངེས་པར་དུ་དཔལ་འབྱོར་ལེགས་པོ་ཞིག་ཏུ་བསྒྱུར་བ་བྱེད་དགོས་པ་དང་། མཐའ་མའི་དོན་ལ་བབས་ས་དེ་མང་ཚོགས་ལ་ཐོབ་ཚོར་དང་སྐྱིད་ཚོར་ཡོད་པ་བྱེད་དགོས་ཞེས་གསུངས་པ་རེད།

རྨང་གཞིའི་སྒྲིག་བཀོད་ནས་སྤྱི་པའི་ཞབས་ཞུའི་བར་དང་། ཐོན་ལས་གཅིག་སྡུད་ནས་མཐུན་སྦྱོར་གསར་གཏོད་བར། འབྲི་ཆུའི་ཟུར་གསུམ་གླིང་གི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་འཆར་གཞི་མཉམ་བཀོད་དང་ལག་ལེན་མཉམ་བསྟར་གྱིས། གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་རྒྱུན་ཆད་མེད་པར་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་འབྲི་ཆུའི་ཟུར་གསུམ་གླིང་གི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཉིས་འབུམ་ཉིས་ཁྲི་ཆིག་སྟོང་ལས་བརྒལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྣམ་པ་མུ་མཐུད་བརྟན་དུ་ཕྱིན་ཡོད། ཧྲང་ཧའེ་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ལྷན་གྱི་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲང་ཆིང་ཉིང་གིས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་རྒྱལ་ཁབ་ཀྱི་འཆར་འགོད་རྩ་གནད་དང“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”ལག་བསྟར་ཇུས་གཞིའི་ནང་བཏོན་པའི་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱས་ཐོག འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་གཏོང་གནང་མཛད་པ