ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྐབས་གཉིས་པའི་གྲངས་འཛིན་ཉོ་ཚོང་འགྲེམ་ཚོགས་མཇུག་སྒྲིལ་བ་དང་། རང་རྒྱལ་གྱི་གྲངས་འཛིན་ཉོ་ཚོང་གོང་འཕེལ་གྱི་སྒུལ་ཤུགས་ཆེན་པོ་ཡོད་པ།

2023-11-28 09:53:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་གཉིས་པའི་གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་འགྲེམ་ཚོགས་སྤྱི་ཚེས་27ཉིན་ཀྲེ་ཅང་ཧང་ཀྲའུ་རུ་མཇུག་སྒྲིལ་ཡོད། སྐབས་འདིའི་གྲངས་འཛིན་ཉོ་ཚོང་འགྲེམ་ཚོགས་ཐོག གྲངས་འཛིན་ཉོ་ཚོང་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོ་དང་རྒྱལ་ཡོངས་སུ་འགྲེམ་སྟོན་བྱེད་ཐེངས་དང་པོ་ཡིན་པ་100ལས་བརྒལ་ཡོད། གྲངས་འཛིན་ཉོ་ཚོང་གིས་མི་རྣམས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་འོད་སྣང་སྦྱིན་ཡོད་ལ། རང་རྒྱལ་གྱིས་གོང་འཕེལ་གྱི་བཟང་ཆ་གསར་པ་གཏོད་པ་དང་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད།

སྐབས་གཉིས་པའི་གྲངས་འཛིན་ཉོ་ཚོང་འགྲེམ་ཚོགས་ཀྱི་དར་གོས་ལམ་བུའི་གློག་རྡུལ་ཚོང་དོན་འགྲེམ་ཁང་དུ་སྐྱོད་སྐབས། གསར་འགོད་པས་འགྲེམ་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱིས་འགྲེམ་སྟོན་བྱེད་པའི་གཙོ་གནད་དེ་ཚོང་ཟོག་མིན་པར། གྲངས་འཛིན་ཅན་གྱི་ཉོ་ཚོང་ལག་རྩལ་སྣ་ཚོགས་ཡིན་པ་རེད།

དེའི་ཁྲོད་རྟོག་བཟོས་ཐད་གཏོང་བ་དང་གྲངས་འཛིན་མི་སྣ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ཡོད་པར་དོ་སྣང་བྱུང་ཡོད། འགྲེམ་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱིས། སླད་ཕྱིན་རྒྱུད་གཅིག་ལམ་གཅིག་གི་གྲངས་འཛིན་ཉོ་ཚོང་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ཅེས་བསྟན་ཡོད།

སྐབས་འདིའི་གྲངས་འཛིན་ཉོ་ཚོང་འགྲེམ་ཚོགས་ཀྱི་ཁྱད་ལྡན་འགྲེམ་ཁང་གཞན་ཞིག་སྟེ། སྔོན་ཐོན་འཕེལ་ཕྱོགས་འགྲེམ་ཁང་ལའང་དོ་ཁུར་བྱེད་མཁན་མང་པོ་ཡོད་་ཅིང་། གཞི་ཁྱོན་ཆེན་བ་50ཡིས་དེ་གར་མི་བཟོས་རིག་ནུས་ལས་བྱུང་བའི་འགྱུར་ལྡོག་དེ་ཐོན་སྐྱེད་དང་འཚོ་བའི་ཕྱོགས་གང་སར་ཁྱབ་པ་འགྲེམ་སྟོན་བྱས་ཡོད།
འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། སྤྱི་ལོ་2022ལོར་གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱིས་གཏོང་སྤྲོད་བྱེད་ཆོག་པའི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་4.1ཟིན་ཡོད་པས། དུས་མཚུངས་ལས་བརྒྱ་ཆ་3.4འཕར་ཡོད་པ་དང་། དུས་མཚུངས་ཀྱི་ཀྲུང་གོའི་གྲངས་འཛིན་ཅན་གྱིས་གཏོང་སྤྲོད་ཆོག་པའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་3727.1ཟིན་ཡོད་པས། གོ་ལ་ཧྲིལ་པོའི་སྤྱིའི་རིན་ཐང་གི་བརྒྱ་ཆ་9ཟིན་ཡོད་པ་རེད། རྒྱལ་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཁྱབ་ཁོངས་སུ། སྤྱི་ལོ་2022ལོར་རང་རྒྱལ་གྱི་རྒྱལ་ཁོངས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་2.11ཟིན་ཡོད་པས། དུས་མཚུངས་ལས་བརྒྱ་ཆ་9.8འཕར་ཡོད་པ་དང་། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

སྐབས་གཉིས་པའི་གྲངས་འཛིན་ཉོ་ཚོང་འགྲེམ་ཚོགས་མཇུག་སྒྲིལ་བ་དང་། རང་རྒྱལ་གྱི་གྲངས་འཛིན་ཉོ་ཚོང་གོང་འཕེལ་གྱི་སྒུལ་ཤུགས་ཆེན་པོ་ཡོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་གཉིས་པའི་གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་འགྲེམ་ཚོགས་སྤྱི་ཚེས་27ཉིན་ཀྲེ་ཅང་ཧང་ཀྲའུ་རུ་མཇུག་སྒྲིལ་ཡོད། སྐབས་འདིའི་གྲངས་འཛིན་ཉོ་ཚོང་འགྲེམ