ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་འདམ་རའི་འབྱུང་ཁམས་མུ་མཐུད་ལེགས་སུ་ཕྱིན་ནས་ས་ཆ་མང་པོ་ཞིག་ཏུ་དུས་བསྟུན་གནས་སྤོའི་བྱ་རིགས་སླེབས་པ།

2023-11-28 09:50:00     责编:桑吉卓玛

འདི་ག་ལས་ཁུངས་སུ་སྤེལ་བའི་གནས་ཚུལ། རང་རྒྱལ་གྱི་འདམ་རའི་འབྱུང་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས། ས་ཆ་མང་པོར་དུས་བསྟུན་གནས་སྤོའི་བྱ་རིགས་མང་པོ་སླེབས་ཤིང་། ས་གནས་ཁག་གིས་ལག་རྩལ་གསར་པ་སྤྱད་དེ་དུས་བྱ་བདེ་འཇགས་ངང་དགུན་སྒྲོལ་ཐུབ་རྒྱུར་སྲུང་སྐྱོང་བྱས་ཡོད།
ནང་སོག་པ་ཡན་ནོའར་གྲོང་ཁྱེར་ཝུའུ་ལ་ཐེ་ཆན་ཆིའི་ས་ཁོངས་ཀྱི་ཝུའུ་ལེང་སུའུ་མཚེའུ་རུ་དུས་བསྟུན་བྱ་རིགས་ཁྱུ་དང་ཁྱུ་འདམ་རའི་མཁའ་དབྱིངས་སུ་འཕུར་བའམ་ཡང་ན་ཆུ་ངོས་སུ་འབབ་བཞིན་ཡོད། ཝུའུ་ལེང་སུའུ་མཚེའུ་ནི་འཛམ་གླིང་གི་དུས་བྱའི་གནས་སྤོའི་བགྲོད་ལམ་ཐོག་གི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཝུའུ་ལེང་སུའུ་མཚེའུ་ཡི་ཆུ་སྤུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པས། དུས་བྱ་གནས་སྤོ་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། པ་ཡན་ནོའར་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་དུས་བྱར་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད། རིམས་ནད་འབྱུང་ཁུངས་དང་རིམས་ནད་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། ཝུའུ་ལེང་སུའུ་མཚེའུ་ཁུལ་དུ་དྭངས་གསལ་བརྙན་མིག་སྒྲིག་སྦྱོར་བྱས་པས། ལས་དོན་མི་སྣས་ལྟ་འཛིན་སྒྲིག་ཆས་དང་ལག་ཐོགས་ཁ་པར་བརྒྱུད་མཚེའུ་ཁུལ་གྱི་གནས་ཚུལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཆོག་གི་ཡོད་པ་རེད།

ཤིན་ཅང་ནི་རང་རྒྱལ་གྱི་བྱ་རིགས་གནས་སྤོའི་བགྲོད་ལམ་དང་བར་བརྒྱུད་ས་ཚིགས་གལ་ཆེན་ཞིག་ཡིན། ཤིན་ཅང་ཧོ་ཐན་ས་ཁུལ་གྱི་བྱེ་ཐང་མཐའ་ཁུལ་གྱི་འདམ་ར་དང་ཆུ་མཛོད་དུ་དགུན་སྒྲོལ་བྱ་རིགས་འབོར་ཆེན་ཞིག་འབྱོར་ཡོད། ཉེ་བའི་ལོ་ཤས་རིང་། ཧོ་ཐན་ས་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། བྱེ་འགོག་བྱེ་བཅོས་དང་། ཤིང་འཛུགས་ནགས་བཟོ། ཆུའི་སྦགས་བཙོག་དངོས་པོ་འགོག་བཅོས། འདམ་རའི་འབྱུང་ཁམས་སླར་གསོ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། ལོ་ལྟར་ཧོ་ཐན་དུ་དགུན་སྒྲོལ་དུ་ཡོང་མཁན་དུས་བྱའི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་པ་རེད། ཀྲུང་གོ་ཚན་རིག་ཁང་ཤིན་ཅང་གི་འབྱུང་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་མཱ་མིང་གིས། དེ་སྔ་གནས་སྤོ་མཁན་གྱི་བྱ་རིགས་ཁག་གཅིག་ད་ལྟ་གནས་སྡོད་བྱ་རྒྱུའི་གདམ་ག་བྱས་ཡོད་པས། ད་ལོའི་གནས་སྡོད་དུས་བྱའི་ཁྱུ་ཚོགས་གྲངས་འབོར་གྱིས་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་བཤད་པ་རེད།

ཉེ་ཆར། བྱ་རིགས་འབོར་ཆེན་ཞིག་དགུན་སྒྲོལ་བྱ་ཡུལ་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད་ཅིང་། ཧུའུ་པེ་ཝུའུ་ཧན་ཁྲེན་ཧུའུ་མཚེའུ་ཡི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མིག་སྔར་བྱ་རིགས་ཁྲི་2ལྷག་ཙམ་ལྟ་ཞིབ་ཚད་ལེན་ཐུབ་ཡོད་པ་རེད། ད་ལོ་ཝུའུ་ཧན་གྲོང་ཁྱེར་གྱིས་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་16ཏུ་གནམ་གཤིས་དང་། ཆུ་དཔྱད། འདབ་ཆགས་ཀྱི་སྒྲ་རིས། བརྙན་རིས་དབྱེ་འབྱེད་སོགས་དངོས་མང་ཤེས་ཚོར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་རིག་ལྡན་འདམ་ར་དོ་དམ་ལས་སྟེགས་བསྐྲུན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

རང་རྒྱལ་གྱི་འདམ་རའི་འབྱུང་ཁམས་མུ་མཐུད་ལེགས་སུ་ཕྱིན་ནས་ས་ཆ་མང་པོ་ཞིག་ཏུ་དུས་བསྟུན་གནས་སྤོའི་བྱ་རིགས་སླེབས་པ།

འདི་ག་ལས་ཁུངས་སུ་སྤེལ་བའི་གནས་ཚུལ། རང་རྒྱལ་གྱི་འདམ་རའི་འབྱུང་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས། ས་ཆ་མང་པོར་དུས་བསྟུན་གནས་སྤོའི་བྱ་རིགས་མང་པོ་སླེབས་ཤིང་། ས་གནས་ཁག་གིས་ལག་རྩལ་གསར་པ་སྤྱད་དེ་དུས་བྱ་བདེ་འཇ