ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་ཚོགས་ཆུང་འཁོར་ལམ་ཐོག་ཟླ་བ་གཅིག་བསྡད་ཟིན་པ་དང་། ལས་འགན་ཁག་གི་འཕེལ་རིམ་བདེ་བླག་བྱུང་བ།

2023-11-28 09:49:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་11ཚེས་26ཉིན་བར། ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་ཚོགས་ཆུང་བར་སྣང་ས་ཚིགས་སུ་ཟླ་བ་གཅིག་བསྡད་ཟིན་པ་དང་། མིག་སྔར་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་རྣམ་པ་དང་སྒྲིག་ཆས་ཁག་རྒྱུན་གཏན་ལྟར་འཁོར་སྐྱོད་བརྟན་པོ་ཡོད་ཅིང་། ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་པ་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཤིན་ལིན་བཅས་ཀྱི་ལུས་སེམས་གཉིས་ཀ་བདེ་ཐང་ཡིན་པ། འཁོར་ལམ་ཐོག་གི་ལས་འགན་ཁག་གི་འཕེལ་རིམ་བདེ་བླག་ཡིན་པ་རེད།

ཉིན་འདི་དག་རིང་། བར་སྣང་ས་ཚིགས་ཀྱི“མཁའ་དབྱིངས་ཚལ་ཞིང”ལ་སླར་ཡང་ལོ་ལེགས་བྱུང་ནས། མཁའ་སྐྱོད་པ་ཚོས་འཁོར་ལམ་ཐོག་ནས་རང་ཉིད་ཀྱིས་བཏབ་པའི་སྔོ་ཚལ་སོས་པ་བཀོག་སྟེ་བྲོ་བ་མྱོང་རྒྱུ་བྱུང་ཡོད། མཁའ་དབྱིངས་སུ་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་ལ་སྤྱོད་པའི“མཁའ་དབྱིངས་ཚལ་ཞིང་”སྒྲིག་ཆས་ལ་དཔེ་དུམ་ཅན་དང་སྒོ་དབྱེའི་རྣམ་པའི་གྲུབ་ཆ་སྤྱད་ཡོད་པས། འཁོར་ལམ་ཐོག་གི་ལྗིད་ཤོར་ཆ་རྐྱེན་འོག་སྐྱེ་དངོས་འདེབས་གསོའི་ཚོད་ལྟ་དེ་བས་ཡག་པ་བྱེད་ཐུབ་ཀྱི་ཡོད། གཞན་ཡང་མཁའ་སྐྱོད་གསོ་རིག་ཁྱབ་ཁོངས་ཀྱི་ཚོད་ལྟ་མང་པོ་ཞིག་ཀྱང་དུས་གཅིག་ཏུ་སྤེལ་བཞིན་ཡོད། ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་པ་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཤིན་ལིན་བཅས་ཀྱིས་རོགས་ལས་དམ་ཟབ་བྱས་པ་བརྒྱུད། རྐང་པ་འགུལ་སྐྱོད་རིག་པའི་ཚད་ལེན་ཚོད་ལྟ་དང་མཐོང་ནུས་ཞིབ་འཇུག་སོགས་ཚུད་པའི་མཁའ་སྐྱོད་གསོ་རིག་ཚོད་ལྟ་བྱས་པ་རེད། བར་སྣང་ས་ཚིགས་དེ་རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང་ཞིག་ཡིན་པའི་ངོས་ནས། ཚན་ཞིབ་མི་སྣར་མཁའ་སྐྱོད་གསོ་རིག་དང་མི་དང་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་གྱི་གནད་དོན་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་སྟེབས་བུ་བསྐྲུན་ཡོད་པ་དང་། རང་རྒྱལ་གྱི་སྔོན་ཐོན་གྱི་མཁའ་སྐྱོད་གསོ་རིག་དང་མི་དང་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་བཀོལ་སྤྱོད་ལག་རྩལ་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་ཚོགས་ཆུང་འཁོར་ལམ་ཐོག་ཟླ་བ་གཅིག་བསྡད་ཟིན་པ་དང་། ལས་འགན་ཁག་གི་འཕེལ་རིམ་བདེ་བླག་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་11ཚེས་26ཉིན་བར། ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་ཚོགས་ཆུང་བར་སྣང་ས་ཚིགས་སུ་ཟླ་བ་གཅིག་བསྡད་ཟིན་པ་དང་། མིག་སྔར་བར་སྣང་ས་ཚིགས་ཀྱི་སྡེབ་སྒ