བོད་ལྗོངས་ཀྱིས་ནད་གཞི་འདི་སྨན་བཅོས་འགན་བཅོལ་གྱི་ནང་དུ་བཅུག་འདུག
བོད་རང་སྐྱོང་ལྗོངས་ཀྱིས་རུས་སོབ་ནད་ཚབས་ཆེན་གྱི་ནད་པའི་སྨན་བཅོས་འགན་སྲུང་ལས་དོན་སྔར་ལས་ལེགས་པ་སྤེལ་བ་དང་ནད་པའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་གཏོང་ཆེད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས《རུས་སོབ་ནད་ཚབས་ཆེན་དེ་རང་སྐྱོང་ལྗོངས་ཀྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོས་གྱི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་དོ་དམ་བྱེད་ཁོངས་ནང་འཇུག་རྒྱུའི་སྐོར་གྱི་བརྡ་ཐོ》 (གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། 2023ལོའི་ཟླ་11པའི་ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་འགོ་ཚུགས་ཡོད།
《བརྡ་ཐོ》ཡི་ནང་། རུས་སོབ་ནད་ཚབས་ཆེན་ཡིན་པར་གཏན་འཁེལ་བའི་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ནད་པ་དེ་དག་གིས་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་སྐབས། སྨན་བཅོས་འགན་བཅོལ་གཏོང་སྤྲོད་སྲིད་ཇུས་ཀྱི་ཁོངས་སུ་གཏོགས་པའི་སྨན་དང་བརྟག་དཔྱད་སོགས་སྨན་བཅོས་འགྲོ་གྲོན་དེ་དག་ལས་བཟོ་པའམ་ཡང་ན་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ད་ལྟ་ལག་ལེན་བསྟར་བཞིན་པའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་པར་འགན་ལེན་བྱེད་པའི་སྲིད་ཇུས་གཞིར་བཟུང་འགྲོ་སོང་རྩིས་ཞུ་བྱེད་དགོས་ཞེས་བསྟན་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། མཁའ་སྤྱོད་དབང་མོ།