ཟླ་1པོ་ནས་8པའི་བར་རང་རྒྱལ་སྦྲགས་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་ཀའི་འབོར་ཚད་རིམ་རྩིས་བྱས་ན་དུང་ཕྱུར་སྟོང་ལས་བརྒལ་ཞིང་། དུས་མཚུངས་ལས་13%འཕར་བ།
འདི་ག་ལས་ཁུངས་ནས་སྤེལ་གསལ། རྒྱལ་ཁབ་སྦྲགས་སྲིད་ཅུས་ཀྱིས་ཚེས་19ཉིན་གྲངས་གཞི་གསར་ཤོས་སྤེལ་བ་སྟེ། ད་ལོའི་ཟླ་1པོ་ནས་ཟླ་8པའི་བར། རྒྱལ་ཡོངས་སྦྲགས་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་ཀའི་འབོར་ཚད་རིམ་རྩིས་བྱས་ན་དུང་ཕྱུར་1009.6ལེགས་འགྲུབ་བྱུང་ཞིང་། དུས་མཚུངས་ལས་13%འཕར་ཡོད། དེའི་ཁྲོད། མྱུར་སྐྱེལ་ལས་ཀའི་འབོར་ཚད་རིམ་རྩིས་བྱས་ན་དུང་ཕྱུར་814.6ལེགས་འགྲུབ་བྱུང་ཞིང་། དུས་མཚུངས་དང་བསྡུར་ན་15.9%འཕར་ཡོད་པ་རེད།
རྒྱལ་ཁབ་སྦྲགས་སྲིད་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། ཟླ་1པོ་ནས་8པའི་བར། རང་རྒྱལ་གྱི་མྱུར་སྐྱེལ་ཆ་སྙོམས་ཉིན་རེའི་སྡེབ་ལེན་ཚད་དུང་ཕྱུར་3.35ཡས་མས་ཡིན་ཞིང་། ཞིང་ལས་ཁྱད་ལྡན་ཐོན་རྫས་སྐུར་སྐྱེལ་འཁྲུག་ཆ་དོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་གྲོང་གསེབ་ཀྱི་ཟོག་འདྲེན། སྦྲགས་སྲིད་མྱུར་སྐྱེལ་བཅས་མཉམ་འདྲེས་གོང་འཕེལ་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བས། ཐོན་རྫས་སོས་པའི་དུས་ཆོད་རང་བཞིན་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
རྒྱལ་ཁབ་སྦྲགས་སྲིད་ཅུས་གོང་འཕེལ་ཞིབ་འཇུག་ལྟེ་གནས་འཐབ་ཇུས་འཆར་འགོད་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་ལེའུ་ཅང་གིས། ལས་རིགས་ཀྱི་གཞི་ཁྱོན་ཅུང་མགྱོགས་པའི་ངང་འཕར་ཡོད་པ་དང་། ཞབས་ཞུའི་སྤུས་ཀ་དང་ལས་ཕྱོད་མངོན་གསལ་དོད་པས་མཐོ་རུ་ཕྱིན་པ། ལྟེ་བའི་དྲ་རྒྱ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། ཟམ་མི་ཆད་པར་ཐོན་ལས་སྦྲེལ་ཐག་མང་པོ་ཞིག་དང་མཉམ་འདྲེས་གཏིང་ཟབ་བྱས་པས། རང་རྒྱལ་དཔལ་འབྱོར་གོང་འཕེལ་གྱི་མཉེན་ཤུགས་དང་གསོན་ཤུགས་གང་ལེགས་མངོན་ཡོད་ཅེས་བསྟན་ཡོད་པ་རེད།
གཞན་ཟླ་1པོ་ནས་8པའི་བར། རང་རྒྱལ་གྱི་རྒྱལ་སྤྱི་དང་ཀང་ཨའོ་ཐའེ་ཡི་མྱུར་སྐྱེལ་ལས་ཀའི་འབོར་ཚད་རིམ་རྩིས་བྱས་ན་དུང་ཕྱུར་18.7ལེགས་འགྲུབ་བྱུང་ཞིང་། དུས་མཚུངས་ལས་56.3%འཕར་ཡོད་པ་རེད།
རྒྱལ་སྤྱིའི་མྱུར་སྐྱེལ་ལས་དོན་པུའུ་ག་གེ་མོའི་སྤྱི་ཁྱབ་ཅིན་ལི་གཞོན་པ་ལི་ཡ་ཕིང་གིས། ང་ཚོས་རྒྱལ་ནང་དུ་ལེགས་བདམས་མཛོད་ཁང་བཀོད་སྒྲིག་བྱེད་པ་དང་། མཇུག་སྣེ་རུ་ང་ཚོས་མྱུར་སྐྱེལ་ཧྲིལ་བོའི་རྒྱལ་ཁོངས་བརྒལ་བའི་ལས་རིམ་དྲ་རྒྱའི་འགྲོས་ཚད་མགྱོགས་སུ་བཏང་བས། དངོས་ཟོག་ཕྱི་རྒྱལ་དུ་འབྱོར་རྗེས་ས་གནས་དེ་གར་སྡེབ་ལེན་བྱེད་སྐབས། ས་གནས་དེ་གའི་དངོས་ཟོག་མང་ཆེ་བ་ཉིན་གཉིས་པར་འབྱོར་སྲིད་ཅེས་བརྗོད་ཡོད།
པེ་ཅིན་སྦྲགས་གློག་སློབ་ཆེན་སྦྲགས་སྲིད་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཀུའོ་ཅུན་གྱིས། ད་ལྟ་ང་ཚོའི་ཟོག་འདྲེན་ཁེ་ལས་ལ་ལག་རྩལ་གྱི་རམ་འདེགས་ཡོད་པས། ཞབས་ཞུའི་ནུས་པ་ཧ་ཅང་ཆེན་པོ་ཡོད། ང་ཚོའི་མགྲོན་པོར་མཛོད་ཉར་དོ་དམ་དང་དངོས་ཟོག་རྗེས་འདེད་ལེགས་པོ་མཁོ་འདོན་བྱེད་པ་དང་། ད་དུང་ང་ཚོའི་སྐུ་མགྲོན་ལ་དངོས་ཟོག་བརྗེ་སློག་ཞབས་ཞུ་མཁོ་འདོན་བྱེད་ཡོད་པ་དང་། ཞབས་ཞུའི་ཐད་དུ་ཁས་ལེན་ཧ་ཅང་ཡག་པོ་ཐོབ་ཡོད་པའི་དབྱེ་ཞིབ་བྱས་ཡོད།