རང་རྒྱལ་རྒྱལ་ཁོངས་ནང་གི་ཡུལ་སྐོར་གྲུ་གཟིངས་གྲུ་ཁར་རྒྱལ་སྤྱིའི་ཡུལ་སྐོར་གྲུ་གཟིངས་འགྲོ་སྐྱོད་ཁྱོན་ཡོངས་ནས་སླར་གསོ་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྤྱི་ཚེས་19ཉིན། ཧྲང་ཧའེ་དང་། ཧྲེན་ཀྲེན་གྱི་ཡུལ་སྐོར་གྲུ་གཟིངས་གྲུ་ཁར་རྒྱལ་སྤྱིའི་ཡུལ་སྐོར་གྲུ་གཟིངས་འགྲོ་སྐྱོད་སླར་གསོ་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག རང་རྒྱལ་རྒྱལ་ཁོངས་ནང་གི་ཡུལ་སྐོར་གྲུ་གཟིངས་གྲུ་ཁའི་རྒྱལ་སྤྱིའི་ཡུལ་སྐོར་གྲུ་གཟིངས་འགྲོ་སྐྱོད་ཁྱོན་ཡོངས་ནས་སླར་གསོ་བྱས་ཡོད་ཅེས་བསྟན་ཡོད། མཚོ་ཐོག་བྱ་དོན་དོ་དམ་ཚན་པས་གཏན་འབེབས་ལྟར་གྲུ་བརྟག་དཔྱད་ཞིབ་བཤེར་བྱ་རྒྱུ་མ་ཟད། ཐོག་མར་ཐོན་སའི་གྲུ་ཁ་ནས་ཡུལ་སྐོར་གྲུ་གཟིངས་ལ་བདེ་འཇགས་ཞིབ་བཤེར་ཐེངས་གཅིག་བྱ་རྒྱུ་ཡིན་པ་རེད།