ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧན་ཀྲེང་གིས་ཁག་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་ཨ་རིའི་རྒྱལ་དོན་བློན་ཆེན་དང་མཇལ་འཛོམས་གནང་བ།

2023-09-20 16:43:00     责编:娜科

  འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་18ཉིན་ཉིའུ་ཡུའེ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་རིང་། ཁག་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་དང་མཇལ་འཛོམས་གནང་བ་རེད།

  ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་སྐབས་ཧན་ཀྲེང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད་ཅིང་། བརྟན་པོ་མིན་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཕན་ཚུན་འདྲེས་ཡོད། རྒྱལ་སྤྱིའི་གནས་བབ་ཇི་ཙམ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་ཡིན་ན།དེ་ཙམ་གྱིས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱ་དགོས་པ་དང་། དེ་ཙམ་གྱིས་སྟོབས་དང་ལྡན་པའི་མཉམ་འབྲེལ་རྒྱལ་ཚོགས་ཤིག་དགོས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་འདུ་ཤེས་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕུགས་བསམ་དང་དམིགས་ཚད་ཚད་མཐོའི་གཅིག་གྱུར་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་རྒྱབ་སྐྱོར་ཧུར་ཐག་ཐོབ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

  ཀུ་ཐེ་ལེ་སིས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ཀྲུང་གོས་འཛམ་གླིང་སྣེ་ཁྲིད་དེ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

  པུའུ་ལིན་ཁེན་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས་སྐྱོན་བྲལ་དང་བརྟན་ལྷིང་གི་ཀྲུང་ཨའི་འབྲེལ་བ་ཞིག་ཡོད་ན་རྒྱལ་ཁབ་གཉིས་པོར་ཕན་པ་མ་ཟད།འཛམ་གླིང་ལའང་ཕན་པ་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་ཨ་རིར་ཆ་མཚོན་ན་གོ་སྐབས་ཡིན་པ་ལས་འགྲན་སློང་ཞིག་མིན་པ་དང་། ཕན་ཐོགས་ཡོད་པས་ལས་ཉེན་ཁ་ཞིག་མིན་པས་ཕྱོགས་གཉིས་པོས་ཕན་ཚུན་གཉིས་ཀར་གྲུབ་འབྲས་ཐོབ་པ་དང་། ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་ཆོག ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་ལས་བཅས་ཀྱི་རྩ་དོན་གསུམ་གཞིར་བཟུང་ཀྲུང་ཨའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཅིག་ཏུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་པ་ལི་གླིང་ཕྲན་དུ་ཐུག་འཕྲད་གནང་སྐབས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། བྱ་སྤྱོད་དངོས་སྤེལ་བ། ཕན་ཡོད་ཀྱི་ཆ་རྐྱེན་གཏོད་པ། ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བའི་བྱ་བ་མང་ཙམ་སྒྲུབ་པ། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོ་ཡོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོར་ཕན་པ་ཐོབ་པ་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

  པུའུ་ལིན་ཁེན་གྱིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོར་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རེ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨ་ཀྲུང་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

中央广播电视总台 央广网 版权所有

ཧན་ཀྲེང་གིས་ཁག་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་ཨ་རིའི་རྒྱལ་དོན་བློན་ཆེན་དང་མཇལ་འཛོམས་གནང་བ།

ཀུ་ཐེ་ལེ་སིས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་མ་ཟད།