ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟག་ཞིབ་བྱ་སྤྱོད” ཧྲའན་ཤིས་ཡིས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

2023-09-19 09:53:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་པའི་གནས་ཚུལ། ཧྲའན་ཤིས་ཞིང་ཆེན་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་ཚན་རྩལ་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་མགྱོགས་མྱུར་བསྒྱུར་བ་དང་། གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་པ། ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་འབྱུང་ཁམས་གནས་མཆོག་ཡངས་ཤིང་རྒྱ་ཆེ་བའི་སན་ཆིན་ས་གཞི་ཆེན་པོའི་ཐོག་ཁྱབ་བཞིན་ཡོད་པ་རེད།

ཧྲའན་ཤིས་ཞིང་ཆེན་གྱི“ཆིན་ཁྲོང་ཡོན”གྱི་ཧྥུང་ཏུང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་གླིང་དུ་རང་འགུལ་གྱི་སྐུལ་འོད་སྙོམས་སྒྲིག་ཚོད་འཛིན་འཕྲུལ་འཁོར་གྱིས་སྒུལ་ཤུགས་འདོན་བཞིན་ཡོད་པ་རེད། ཆེ་ཆུང་ལ་ཧའོ་སྨི་གཉིས་ཡོད་པའི་སྲབ་སྐྱིའི་པོ་གློག་འགོག་ཚོར་བརྒྱུད་ཆས་ཀྱི་ནང་སྙིང་གོ་རིམ་ལྡན་པའི་སྒོ་ནས་ཐོན་སྐྱེད་བྱེད་བཞིན་ཡོད་ཅིང་། དེ་ནི་མཁའ་སྐྱོད་མ་ལག་དང་། རླངས་འཁོར་བཟོ་ལས། སྐྱེ་དངོས་སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་ནང་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད། ཤིས་ཨན་གྱི་ཚན་རྩལ་ཚད་ཡོད་ཀུང་སི་ཞིག་གི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཅིན་ཤིན་ཧང་གིས། དེ་ནི་རྒྱལ་ནང་དུ་རྒྱུན་དྲོད་དང་། དྲོད་ཚད་ཧ་ཅང་དམའ་བ། དྲོད་ཚད་ཧ་ཅང་མཐོ་བའི་འགྱིག་སྲབ་ཀྱི་དྲོད་ཚད་ཚོར་བ་སྐྱེན་པའི་ཉིང་ལྷེབ་ཀྱི་རང་འགུལ་ཐོན་སྐྱེད་འཁོར་ཁང་ཐོག་མ་དེ་ཡིན་པས། ཕྱི་རྒྱལ་གྱིས་ལོ་30ཙམ་རིང་སྒེར་སྡོམ་བྱས་པ་དེ་མེད་པ་བཟོས་ཡོད་ཅེས་བརྗོད་ཡོད་པ་རེད།

རང་རྒྱལ་དུ་ལོ་ལྟར་ཚོར་འདྲེན་འཕྲུལ་ཆས་འདི་འདྲ་དུང་ཕྱུར་8དགོས་པ་དང་། སྔོན་ཆད་སྒོར་དུང་ཕྱུར་200ཡི་ཚོང་ར་དེ་ཕྱི་རྒྱལ་ཁེ་ལས་ཀྱིས་བཟུང་ཡོད། 2021ལོར་ནུབ་བྱང་བཟོ་ལས་སློབ་ཆེན་གྱི་འཕྲུལ་གློག་སློབ་གླིང་གི“འགྱིག་སྲབ་དྲོད་ཚད་དང་གནོན་ཤུགས་ཚོར་སྐྱེལ”རྣམ་གྲངས་ཀྱི་འབྲེལ་ཡོད་ཚན་ཞིབ་གྲུབ་འབྲས་ཀྱིས་རྩེར་སོན་རིག་ནུས་ཚོར་འདྲེན་ཡོ་ཆས་ཀྱི་ཉིང་ལྷེབ་ལས་སྣོན་དང་བཟོ་སྐྲུན་ཐད་ཀྱི་ལག་རྩལ་དཀའ་གནད་བསལ་ཡོད། ཞིབ་འཇུག་བྱ་གཞིའི་འགན་འཁུར་བ་ནུབ་བྱང་བཟོ་ལས་སློབ་ཆེན་འཕྲུལ་གློག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལུའོ་ཅན་གྱིས། ཚན་ཞིབ་གྲུབ་འབྲས་ནས་ཐོན་སྐྱེད་བྱེད་པའི་བར་ལོ་གཅིག་ཀྱང་འགོར་གྱི་མེད་ཅེས་ངོ་སྤྲོད་གནང་ཡོད།

ཧྲའན་ཤིས་ཀྱིས་ནུས་ཆེའི་གསར་གཏོད་སྟེགས་བུའི་མ་ལག་མགྱོགས་མྱུར་བསྐྲུན་སྟེ་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། དེ་དང་ཆབས་ཅིག་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཚོགས་སྤྱི་གལ་ཆེན་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།

ཤིས་ཨན་གྱི་འབྱུང་འགྱུར་མི་ཐབས་རིག་ནུས་རྩིས་རྒྱག་ལྟེ་གནས་འདི་ཉིད་རྒྱལ་ཁབ་ཀྱི་ཐོན་གསར་པའི་མི་ཐབས་རིག་ནུས་ཀྱི་སྤྱི་པའི་རྩིས་རྒྱག་ནུས་པའི་སྒོ་དབྱེ་གསར་གཏོད་ལས་སྟེགས་གསར་པར་བདམས་པ་དང་། ཤིས་ཨན་གྱི་འབྱུང་འགྱུར་མི་ཐབས་རིག་ནུས་རྩིས་རྒྱག་ལྟེ་གནས་ཀྱི་དབུ་བཞུགས་གཉེར་སྐྱོང་འགོ་འཛིན་ཀྲང་ཡུན་ཕུང་གིས། ལས་སྟེགས་གསར་པ་དེ་རྒྱལ་ཡོངས་ཀྱི་མཐོ་སློབ་སློབ་གླིང་དང་ཁེ་ལས་180ལྷག་ཙམ་དང་མཉམ་ལས་བྱས་ཡོད་ཅེས་བསྟན་འདུག

རླངས་འཁོར་ཞིག་གི་པའོ་ཅི་རིག་ནུས་བཟོ་གྲྭའི་ཚ་ལ་རྒྱག་ཆས་གསར་པའི་འཁོར་ཁང་དུ་ཚ་ལ་རྒྱག་པ་དང་། དབོར་འདྲེན་བྱེད་པ། འགྱིག་སྦྱར་བ། ཚད་འཇལ་བྱེད་ཤེས་པ་བཅས་ཀྱི་འཕྲུལ་མི་300ལྷག་གིས་རྒྱུན་མི་ཆད་པར་ལག་པ་འགུལ་བཞིན་པ་མཐོང་རྒྱུ་ཡོད།

པའོ་ཅི་རླངས་འཁོར་ལྷུ་ལག་ཚད་ཡོད་ཀུང་སི་ཞིག་གི་རྒྱུན་ལས་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ལན་ཆུན་ཅན་གྱིས། མི་18ཙམ་གྱིས་འཁོར་ཁང་ཡོངས་ཀྱི་འཁོར་སྐྱོད་ལེགས་གྲུབ་ཐུབ་རྒྱུ་དང་སྐར་ཆ་90རེར་རླངས་འཁོར་རེ་ཐོན་སྐྱེད་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།

ཧྲའན་ཤིས་ཀྱིས་གཙོ་གནད་ཐོན་ལས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ཐག་གཅོད་བྱེད་དགོས་པའི་ལག་རྩལ་དཀའ་གནད་ལ་དམ་པོར་དམིགས་པ་དང་། ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་པ། མངགས་ཐོའི་རྣམ་པའི་ཞིབ་འཇུག་གསར་སྤེལ་སོགས་ཀྱི་རྣམ་པ་ཁྱབ་གདལ་བཏང་ཡོད། ཧྲའན་ཤིས་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅུན་གྱིས། ཚན་རྩལ་གསར་གཏོད་ཀྱི་འབྱུང་ཁམས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་བརྒྱུད་ཧྲའན་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསར་གཏོད་གསོན་ཤུགས་མགྱོགས་མྱུར་རྒྱས་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

中央广播电视总台 央广网 版权所有

“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟག་ཞིབ་བྱ་སྤྱོད” ཧྲའན་ཤིས་ཡིས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ།

པའོ་ཅི་རླངས་འཁོར་ལྷུ་ལག་ཚད་ཡོད་ཀུང་སི་ཞིག་གི་རྒྱུན་ལས་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ལན་ཆུན་ཅན་གྱིས། མི་18ཙམ་གྱིས་འཁོར་ཁང་ཡོངས་ཀྱི་འཁོར་སྐྱོད་ལེགས་གྲུབ་ཐུབ་རྒྱུ་དང་སྐར་ཆ་90རེར་རླངས་འཁོར་རེ་ཐོན་སྐྱེད་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།