ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཚའེ་ཆི་2023ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས་པ།

2023-09-19 09:50:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་18ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་པེ་ཅིང་ཧྲོའུ་ཀང་གླིང་དུ་ཕེབས་ནས་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས་པ་རེད། ཚའེ་ཆི་ཡིས། ཚན་རིག་ཁྱབ་གདལ་དང་ཚན་རིག་བྱང་ཚད་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཐོག ཚན་རིག་ཁྱབ་གདལ་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་བློ་སྤོབས་འཕེལ་བ་བཅས་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་འཕེལ་ཡོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

ཚའེ་ཆི་ཡིས་སྔ་རྗེས་སུ“སྣེ་ཁྲིད་ཀྱིས་ཁ་ཕྱོགས་བསྟན་ནས་འོད་སྟོང་གཏོད”ཅེས་པ་དང་།“བློ་སྤོབས་རང་ཚུགས་ཀྱི་སྟོབས་ཆེའི་རྒྱལ་ཁབ་གཏོད་པའི་ཕུགས་འདུན”ཞེས་པ། “ཚན་རིག་ལག་རྩལ་གྱིས་དམངས་འཚོར་ཕན་འདོགས་པ”ཞེས་པ་བཅས་ཀྱི་འགྲེམས་ཁུལ་དུ་གཟིགས་སྐོར་གནང་སྟེ། ཚན་རིག་ཁྱབ་གདལ་བྱ་གཞག་འཕེལ་རྒྱས་ཀྱི་ཕན་འབྲས་མཁྱེན་རྟོགས་དང་། བར་སྣང་ཁམས་འཚོལ་ཞིབ་དང་། མི་ཞུགས་མཁའ་སྐྱོད། རྡོ་སྣུམ་རྫས་འགྱུར་བཟོ་ལས། གྲོང་གསེབ་དར་རྒྱས་སོགས་ཀྱི་ཆེད་དོན་འགྲེམས་ཚན་ལ་གཟིགས་སྐོར་གནང་ནས། ཚན་རྩལ་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཚན་རིག་ཁྱབ་གདལ་དང་ཚན་རིག་བྱང་ཚད་འཛུགས་སྐྱོང་ལས་དོན་ཐད་མཛུབ་སྟོན་དང་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྟན་གནང་སྟེ་ཚན་རིག་ཁྱབ་གདལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྣེ་ཁྲིད་མཛད་ཡོད། རིམ་ཁག་ཚན་རྩལ་མཐུན་ཚོགས་ཀྱི་རྩ་འཛུགས་དང་། སྤྱི་ཚོགས་ལས་རིགས་ཁག རྒྱ་ཆེའི་ཚན་རྩལ་ལས་དོན་པ་བཅས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན་”ལ་དམིགས་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་ཕོད་པ་དང་གསར་གཏོད་འཕེལ་རྒྱས་ཐད་ཀྱི་ཚན་རིག་ཁྱབ་གདལ་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།
“ཚན་རིག་ཁྱབ་གདལ་གྱི་ལང་ཚོ”དང“ཚན་རིག་སློབ་གསོའི་བྱེད་ཐབས”ཀྱི་འགྲེམས་ཁུལ་དུ་ཚའེ་ཆི་ཡིས་མིས་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་པ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། སློབ་གྲྭ་དང་སྤྱི་ཚོགས་ཀྱིས་ཚན་རིག་སློབ་གསོ་ཡག་པོ་སྒྲུབ་པའི་གསར་གཏོད་འཚོལ་ཞིབ་ལ་གཟིགས་པ་དང་།“ཕུལ་བྱུང་གི་སློབ་འབྲིང་སློབ་མ་གསོ་སྐྱོང་འཆར་གཞི”ལག་བསྟར་བྱས་ནས་ལོ་བཅུའི་རིང་རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་ལ་ཞབས་འདེགས་ཞུ་བའི་ཤེས་ལྡན་པ་གསོ་སྐྱོང་གི་ལས་ཀའི་ལག་ལེན་དང་དེ་བཞིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་གྲུབ་འབྲས་ངོ་སྤྲོད་ཞུས་པར་གསན་གནང་བ་དང་། ཚོགས་རར་ཡོད་པའི་སློབ་གསོའི་ལས་དོན་པ་དང་གཞོན་ནུ་ལོ་ཆུང་དབར་མཛའ་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། གཞོན་ནུ་ལོ་ཆུང་གིས་སེམས་ལ་ཚན་རིག་གི་ཕུགས་འདུན་འཆང་བ་དང་གསར་གཏོད་འདོད་བློ་བརྟན་པོ་བཙུགས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་སྔ་ཙམ་མངོན་འགྱུར་ཡོང་བ་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་བསྔགས་སྐུལ་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་བྱེད་སྒོར་ཞུགས་ཡོད།

རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་དེ་2004ལོ་ནས་བཟུང་བསྟུད་མར་སྐབས་ཉི་ཤུ་གཉེར་བ་རེད། འདི་ལོའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་བཏང་ནས། ཚན་རྩལ་རང་སྟོབས་རང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད།

中央广播电视总台 央广网 版权所有

ཚའེ་ཆི་2023ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས་པ།

རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་དེ་2004ལོ་ནས་བཟུང་བསྟུད་མར་སྐབས་ཉི་ཤུ་གཉེར་བ་རེད། འདི་ལོའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་བཏང་ནས། ཚན་རྩལ་རང་སྟོབས་རང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད།