ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་བ་དང་པོ་ནས་བརྒྱད་པའི་བར་ཀོང་ཏུང་གི་ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ཕྱིན་པ་དང་། གྲུ་གཟིངས་སོགས་ཕྱིར་གཏོང་བྱེད་ཚད་མང་དུ་འགྲོ་བའི་སྒུལ་ནུས་གསར་པར་འགྱུར་བ།

2023-09-19 09:49:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འདི་ལོ་ཚུན། ཀོང་ཏུང་གིས་ཕྱི་ཕྱོགས་ཉོ་ཚོང་ཐད་དཀའ་ངལ་དང་འགྲན་རྩོད་ཁྱད་བསད་བྱས་ཏེ། ཟླ་བ་དང་པོ་ནས་བརྒྱད་པའི་བར་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5.29ཟིན་ཡོད་པས། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད་པ་དང་། འཕར་སྣོན་མངོན་འགྱུར་བྱུང་ཡོད་ཅིང་། གྲུ་གཟིངས་སོགས་ཕྱིར་གཏོང་བྱེད་ཚད་མང་དུ་འགྲོ་བའི་སྒུལ་ནུས་གསར་པར་འགྱུར་ཡོད།

ཀོང་ཏུང་ཏུང་ཀོན་གྱི་ཏ་ལིང་ཧྲན་གྲོང་བརྡལ་དུ། ནུས་རྒྱུ་གསར་པའི་གློག་རྗས་ཐོན་སྐྱེད་བྱེད་མཁན་གྱི་མཐོ་གསར་ལག་རྩལ་ཁེ་ལས་ཞིག་གི་ནང་། ཁེ་ལས་ཀྱི་འགན་འཁུར་མི་སྣས་ཕྱི་རྒྱལ་གྱི་ཚོང་ཤག་དང་དྲ་ཐོག་ནས་བགྲོ་གླེང་བྱེད་བཞིན་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ཁེ་ལས་འདིས་ཨ་ཧྥི་རི་ཁར་ནུས་རྒྱུ་གསར་པའི་གློག་རྫས་ཁག172ཕྱིར་གཏོང་བྱས་ཡོད་པ་དང་། རིན་གོང་སྒོར་དུང་ཕྱུར་3.9ཙམ་ཟིན་གྱི་ཡོད།

བརྗོད་དགོས་པ་ཞིག་ནི། གྲུ་གཟིངས་སོགས་ཀོང་ཏུང་གི་ཕྱིར་གཏོང་མང་དུ་འགྲོ་བའི་སྒུལ་ནུས་གསར་པར་འགྱུར་ཡོད། གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ཀོང་ཏུང་གི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་བརྒྱ་ཆ་2.2འཕར་ཡོད་པ་དང་། དེས་ཀོང་ཏུང་གི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་སྤྱིའི་རིན་ཐང་གི་བརྒྱ་ཆ་65.4བཟུང་ཡོད།

ནང་འདྲེན་གྱི་ཐད། ཀོང་ཏུང་གི་ཁེ་ལས་ནས་ཐོན་སྐྱེད་ཧུར་ཐག་བྱེད་བཞིན་ཡོད་པ་དང་། བཟོ་ལས་ཐད་སྤྱོད་པའི་ནུས་པའི་དགོས་མཁོ་ཡང་འཕར་སྣོན་ཅུང་མགྱོགས་པོ་འགྲོ་བཞིན་ཡོད།

གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ཀོང་ཏུང་གིས་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.29ཟིན་ཡོད་པ་དེ་དུས་མཚུངས་ལས་བརྒྱ་ཆ་0.2འཕར་ནས། འཕར་སྣོན་མངོན་འགྱུར་བྱུང་ཡོད། དམངས་གཉེར་ཁེ་ལས་ཀྱིས། ཀོང་ཏུང་གི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་ཁྲོད། ཕྱི་ཕྱོགས་ཉོ་ཚོང་གི་གཙོ་གཟུགས་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ཀོང་ཏུང་གི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྒྱ་ཆ་7.3འཕར་ཡོད་པས། དུས་མཚུངས་ཀྱི་ཀོང་ཏུང་གི་སྤྱིའི་ཕྱི་གཏོང་ནང་འདྲེན་བརྒྱ་ཆའི་གནས་4.1འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
གཞན་ཡང་། ཀོང་ཏུང་གིས་གསར་དར་ཁྲོམ་ར་རྒྱ་ཆེར་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ཉིད་ཀོང་ཏུང་གི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཡིན་པའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

中央广播电视总台 央广网 版权所有

ཟླ་བ་དང་པོ་ནས་བརྒྱད་པའི་བར་ཀོང་ཏུང་གི་ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ཕྱིན་པ་དང་། གྲུ་གཟིངས་སོགས་ཕྱིར་གཏོང་བྱེད་ཚད་མང་དུ་འགྲོ་བའི་སྒུལ་ནུས་གསར་པར་འགྱུར་བ།

ཀོང་ཏུང་གིས་གསར་དར་ཁྲོམ་ར་རྒྱ་ཆེར་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ཉིད་ཀོང་ཏུང་གི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཡིན་པའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།