ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གཏེར་རིའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ལ་གསལ་འགྲེལ་བྱས་པ།

2023-09-19 09:46:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་18ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས《གཏེར་རིའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལ་གསལ་འགྲེལ་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན།《བསམ་འཆར》ནང་། གཏེར་རིའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་སྔོན་ལ་སྔོན་འགོག་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། གཏེར་རིའི་བདེ་འཇགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཡོད།

རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཤིན་གྱིས། 《བསམ་འཆར》ནང“གནས་ཚུལ་མ་ཐོན་གོང་ནས་སྔོན་འགོག་བརྗེ་སྒྱུར་བྱེད་པར”དམིགས་ནས་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་མངོན་མེད་རྐྱེན་ངན་མ་ཐོན་གོང་ཉེན་ཁ་སེལ་བ་དང་དོན་རྐྱེན་མ་ཐོན་གོང་ནས་མངོན་མེད་རྐྱེན་ངན་སེལ་དགོས། རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཐོག་ནས་གཏེར་རིའི་མངོན་མེད་ཀྱི་གནོད་འཚེ་འབྱུང་རྐྱེན་ཡོངས་ཁྱབ་ཞིབ་བཤེར་བཅོས་སྒྲིག་བྱེད་པ་དང་། གནོད་འཚེ་ཚབས་ཆེན་ཁུལ་ཁག་བགོས་དོ་དམ་དང་སྔོན་ནས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། རྩད་ཆོད་མཐའ་གསལ་མ་བྱུང་བ་དང་། འཚོལ་ཞིབ་གསལ་པོ་མ་བྱུང་བ། བཅོས་སྒྲིག་གནད་འཁེལ་མ་བྱུང་བ་བཅས་ཀྱི་རིགས་སྔོག་འདོན་བྱས་མི་ཆོག་ཅེས་ངོ་སྤྲོད་གནང་ཡོད།

ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་རྒྱུའི་ཐད《བསམ་འཆར》ནང་། གཏེར་ཁ་དང་འབྲེལ་བ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་དང་གཏེར་ཁ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཆེ་འབྲིང་ལ་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་བཀོད་སྒྲིག་བྱེད་དགོས་ཞེས་བླང་བྱ་ཁ་གསལ་བསྟན་ཡོད། དེ་ནི་རྒྱལ་ཁབ་བང་རིམ་ནས་འདོན་ཐེངས་དང་པོ་དེ་ཡིན། རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུས་རྡོ་སོལ་གཏེར་ཁ་མིན་པའི་བདེ་འཇགས་ལྟ་ཞིབ་སིའི་སི་ཀྲང་ལི་ཧྥེང་གིས། བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་གཏེར་རིའི་དཔེ་སྟོན་ཁེ་ལས་ཁག་གཅིག་སྔོག་འདོན་བྱས་ནས། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་ཀྱིས་བྱ་ཐབས་དེ་རྒྱལ་ཡོངས་སུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

ད་ལྟ་རྒྱལ་ཡོངས་སུ་རྡོ་སོལ་གཏེར་ཁའི་རིག་ནུས་ཅན་གྱི་ལས་ཀའི་ཁྱབ་ཁོངས་ཁྱོན་1400བཙུགས་ཡོད་པ་དང་། རྡོ་སོལ་གཏེར་ཁའི་རིག་ནུས་ཅན་གྱི་ལས་ཡུལ་730ཡོད་པ། ཐོན་ནུས་ཀྱི་བཟུང་ཚད་བརྒྱ་ཆ་59.5ཟིན་ཡོད། རྒྱལ་ཁབ་གཏེར་རི་བདེ་འཇགས་ལྟ་ཞིབ་ཅུས་བདེ་འཇགས་རྨང་གཞི་སིའི་སི་ཀྲང་སུན་ཆིང་གོ་ཡིས།《བསམ་འཆར》ནང་། ཁྲིམས་སྲོལ་གྱི་ཚད་གཞི་འཐུས་ཚང་དུ་བཏང་ནས་གཏེར་རི་རིག་ནུས་ཅན་གྱི་འཕེལ་རྒྱས་དོ་སྙོམས་མེད་པ་དང་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་རེད། གནོད་སྐྱོན་ཚབས་ཆེ་བའི་གཏེར་ཁྲོན་གནོད་མེད་ཅན་དང་གནོད་ཉུང་ཅན་གྱི་སྔོག་འདོན་ལ་སྐུལ་འདེད་གཏོང་བ་དང་། ས་བབ་མཐོ་བའི་གཏེར་ཁུལ་རྒྱང་ཚོར་ཅན་དང་ས་བབ་དམའ་སར་ལས་དོན་སྒྲུབ་དགོས། ཐོན་ནུས་ཉིང་འཕར་དང་། བདེ་འཇགས་ཐོན་སྐྱེད་ཚད་གཞི་ཅན་གྱི་ཞིབ་དཔྱད་གཏན་འཁེལ། བདེ་འཇགས་ཐོན་སྐྱེད་ཀྱི་འགྲོ་གྲོན་བེད་སྤྱོད་སོགས་ཀྱི་ཐད་གནད་སྨིན་རྒྱབ་སྐྱོར་བྱས་ནས། རིག་ནུས་ཅན་གྱི་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་རྒྱུན་རྣམ་ཅན་གྱི་འཁོར་རྒྱུག་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས་ཞེས་ངོ་སྤྲོད་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

གཏེར་རིའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ལ་གསལ་འགྲེལ་བྱས་པ།

ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་རྒྱུའི་ཐད《བསམ་འཆར》ནང་། གཏེར་ཁ་དང་འབྲེལ་བ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་དང་གཏེར་ཁ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཆེ་འབྲིང་ལ་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་བཀོད་སྒྲིག་བྱེད་དགོས