ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ་སོགས་ལ་ཞུགས་རྒྱུ།

2023-09-16 17:09:00     责编:娜科

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་སྤྱི་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན་ཀོང་ཤིའི་ནན་ཉིང་དུ་གཉེར་རྒྱུའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ་དང་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་མ་ཟད་ཤིས་ཚིག་གནང་རྒྱུ་ཡིན་པ་རེད། ཁམ་བུ་ཀྲེའི་དབུ་ཞུགས་བློན་ཆེན་ཧུང་མཱ་ནའེ་དང་། ལོ་སིའི་ཙུང་ལི་སུང་སའེ། མ་ལེ་ཤི་ཡའི་ཙུང་ལི་ཨན་ཝར། ཝེ་ཏེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་། ཧིན་རྡུ་ཉི་ཤི་ཡའི་ཙུང་ཐུང་གཞོན་པ་མ་ལུའུ་ཧྥུ། ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཚོང་ལས་པུའུ་ཀྲང་གཅིག་ལྕོགས་ཕུའུ་ཐན་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་མཐོ་རིམ་དཔོན་རིགས། དེ་བཞིན་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་སོགས་སྐབས་འདིའི་དངོས་མང་སྟོན་ཚོགས་སུ་ཞུགས་རྒྱུ་རེད།

中央广播电视总台 央广网 版权所有

ལི་ཆང་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ་སོགས་ལ་ཞུགས་རྒྱུ།

དེ་བཞིན་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་སོགས་སྐབས་འདིའི་དངོས་མང་སྟོན་ཚོགས་སུ་ཞུགས་རྒྱུ་རེད།