ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲའོ་ལེ་ཅེས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་དང་མཇལ་འཕྲད་གནང་བ།

2023-09-16 17:00:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་14ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅེས་པེ་ཅིང་དུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་དང་མཇལ་འཕྲད་གནང་བ་རེད།
ཀྲའོ་ལེ་ཅེས། ཀྲུང་ཝེའི་འབྲེལ་བས་དུས་རབས་ཕྱེད་ཀ་ཙམ་རིང་གི་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ཅིང་སྲ་ཞིང་བརྟན་པར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་ཀྲུང་ཝེའི་འབྲེལ་བ་དེ་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

དེ་ནི་ཀྲུང་ཝེའི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་བའི་མཚོན་ཚུལ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པས། དེའི་ཐོག་ནས་ང་ཚོས་ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་གཏོད་རྒྱུའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་ཡོད་ཅེས་གསུངས་པ་རེད།
ཀྲའོ་ལེ་ཅེས། ཀྲུང་གོའི་དབུལ་གྲོལ་འགག་གཏོར་དང་ཀྲུང་གོའི་ཁྱད་ཆོས་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་རིམ་པ་ཁག་དང་ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་དམ་ཟབ་བྱས་ཐོག ཁྲིམས་བཙུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་ཀྲུང་ཝེའི་དབར་གྱི་མཛའ་གྲོགས་རྒྱུན་མཐུད་ངང་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

མ་ཏུའུ་ལུའོ་ཡིས། ད་ཐེངས་ཀྱི་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་བྱུང་ལ་ལོ་རྒྱུས་ཀྱི་དོན་སྙིང་ཡང་ལྡན་ཡོད། ཝེ་ནེ་ཙུའེ་ལའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཤུགས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

སྤྱི་ཚེས་14ཉིན་གྱི་སྔ་དྲོ། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད།

中央广播电视总台 央广网 版权所有

ཀྲའོ་ལེ་ཅེས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་དང་མཇལ་འཕྲད་གནང་བ།

སྤྱི་ཚེས་14ཉིན་གྱི་སྔ་དྲོ། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད།