ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཅི་ལ་ཧྥུ་འགག་སྒོའི་ལས་བཟོ་བ་ཡོངས་ལ་འཕྲིན་ལན་སྤྲིངས་པར་ལན་ཆ་ཆེན་པོ་བྱུང་བ།

2023-09-14 17:31:00     责编:桑吉卓玛

ཏང་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པའི་རྒྱལ་སྒོའི་སྲུང་དམག་ཡག་པོ་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཅི་ལ་ཧྥུ་འགག་སྒོའི་ལས་བཟོ་བ་ཡོངས་ལ་འཕྲིན་ལན་སྤྲིངས་པར་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་གསལ། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཆི་ལ་ཧྥུ་འགག་སྒོའི་ལས་བཟོ་བ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། འགག་སྒོའི་མ་ལག་གི་ལས་བྱེད་དང་ལས་བཟོ་བ་ཡིས་འགན་འཁྲི་སྔར་ལས་ཡག་པོ་སྒྲུབ་རྒྱུའི་ཐད་རེ་བ་ནན་པོ་བཏོན་པ་རེད། རྒྱ་ཆེའི་འགག་སྒོའི་ལས་བཟོ་བས། ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། འགག་སྒོའི་དཔུང་ཁག་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ཏང་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པའི་རྒྱལ་སྒོའི་སྲུང་དམག་ཡག་པོ་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

ཧུང་ཆི་ལ་ཧྥུ་འགག་སྒོ་ནི་ཚེ་སྲོག་བཀག་སྡོམ་ཁུལ་ཞེས་སུ་འབོད་པའི་ཕ་མིའར་མཐོ་སྒང་དུ་གནས་ཤིང་། འགག་སྒོ་དེ་ནི་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་འགག་སྒོ་ལྟ་སྐུལ་དོ་དམ་འགག་སྒོ་ཡིན། མཐོ་གྲང་དང་གསོ་རླུང་མི་འདང་བའི་རང་བྱུང་ཁོར་ཡུག་སྐྱོ་བོའི་འོག་ཏུ། ཧུང་ཆི་ལ་ཧྥུ་འགག་སྒོའི་ལས་བཟོ་ཡོངས་གངས་ལྗོངས་མཐའ་མཚམས་ཀྱི་རྒྱལ་སྒོའི་མདུན་མར་གཞི་ཚུགས་ནས། སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་གསར་གཏོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་ཧུང་ཆི་ལ་ཧྥུ་འགག་སྒོའི་ལས་བཟོ་བ་ཡོངས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཝུའུ་ལུམ་མུའུ་ཆི་འགག་སྒོའི་ཁོངས་གཏོགས་ཀྱི་ཧུང་ཆི་ལ་ཧྥུ་འགག་སྒོའི་འགོ་འཛིན་ཀྲང་ཞའོ་པོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་འཕྲིན་ལན་ནི་གངས་ལྗོངས་ཀྱི་མཐའ་མཚམས་སུ་བརྟན་སྲུང་བྱེད་པའི་ཧུང་ཆི་ལ་ཧྥུ་འགག་སྒོ་བར་ཐུགས་ཁུར་ཟབ་མོ་བྱེད་པ་ཞིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་མཐའ་མཚམས་འགག་སྒོ་བའི་ཆེས་ཟོལ་མེད་ཀྱི་བརྩེ་སེམས་དང་། ཆེས་ལྷད་མེད་ཀྱི་གཞི་མདོག་དང་ཆེས་བབ་ཆགས་ཀྱི་རིན་ཐང་རེ་སྙེག་ཏུ་བརྩི་རྒྱུ་ཡིན་ཞེས་བསྟན་ཡོད།

ཧུང་ཆི་ལ་ཧྥུ་འགག་སྒོའི་ལས་བཟོ་བ་ཨར་ཁ་མུའུ་ཞ་ཁེའར་གྱིས། ང་ཚོས་རྒྱུད་རབས་འགག་སྒོ་བའི་རྒྱལ་སྒོ་སྲུང་བ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་དང་སྐྱེས་འབུལ་སྙིང་སྟོབས་རྒྱུན་འཛིན་བྱས་ནས། དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་སྔར་ལས་ཡག་པོ་བྱེད་རྒྱུ་ཡིན་ཞེས་བརྗོད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འགག་སྒོ་ཡིས་རྒྱལ་སྒོ་སྲུང་བ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འོས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་ཡོད་ལ། འགག་སྒོའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཞེས་ནན་སྟོན་གནང་བ་མ་ཟད། འགག་སྒོ་མ་ལག་གི་བློ་མཐུན་ཡོངས་ལ་རེ་བ་ནན་མོ་བཏོན་ཡོད་པ་རེད། ཚང་མས། མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར། ཏང་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པའི་རྒྱལ་སྒོའི་སྲུང་དམག་ཡག་པོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། ནན་ཅིན་འགག་སྒོའི་འགོ་འཛིན་ཞིན་ཅན་མིང་གིས། ང་ཚོས་དྲིན་གཟོའི་བསམ་བློ་དེ་འབད་འཐབ་ཀྱི་ཕུགས་འདུན་དང་། འབད་འཐབ་ཀྱི་སྟོབས་ཤུགས་སུ་གཅིག་ཏུ་བསྡུས་ནས། ལྟ་སྐུལ་དོ་དམ་ཞབས་ཞུའི་ནུས་ཆོད་ཟམ་མི་ཆད་པར་ཆེར་གཏོང་བ་དང་། རྒྱལ་སྒོའི་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་པོར་བཙུགས་ནས། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།

ཁུན་མིང་འགག་སྒོ་ཁོངས་གཏོགས་མུན་ལ་འགག་སྒོའི་ལས་བཟོ་བ་ལེའུ་ཧྥེང་གིས། ལྷོ་ནུབ་རྒྱལ་སྒོའི་བདེ་འཇགས་འབད་པས་སྲུང་བ་དང་ཆབས་ཅིག སྤུས་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་། འགག་སྒོའི་བྱེད་ནུས་ནུས་ལྡན་ངང་རྒྱ་སྐྱེད་གཏོང་བ། འགག་སྒྲོལ་ནུས་ཕྱོད་མཐོ་རུ་གཏོང་བ། ཟོག་འདྲེན་འཁོར་སྐྱོད་ནུས་པ་གློད་གྲོལ་བཅས་བཏང་ནས། ཀྲུང་གོ་དང་ལོ་སའི་ལྕགས་ལམ་གྱི་ལམ་དུམ་གལ་ཆེན་འཛུགས་སྐྲུན་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་སྒོ་ཆེན་ཆེ་ནས་ཆེ་རུ་ཕྱེ་པ་ནས་བསྟུན་ནས། འགག་སྒོས་རྒྱལ་སྒོ་སྲུང་བའི་འོས་འགན་ཡང་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཡོད། ཚང་མས། མི་སྒེར་གྱི་ཕུགས་བསམ་དུས་རབས་ཀྱི་རླབས་རྒྱུན་ཁྲོད་འདུས་ནས། འགན་འཁྲི་ཁུར་སེམས་སྔར་ལས་ཆེན་པོའི་ཐོག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་ཆེད་འགག་སྒོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

ཧྲང་ཧའེ་ཝའེ་ཀའོ་ཟམ་པའི་འགག་སྒོའི་ཁུལ་གྱི་འགག་སྒོ་ཕྱོགས་བསྡུས་ལས་སྒོའི་ལས་བཟོ་བ་ལེའང་ཡུས་ཧྲེན་གྱིས། ཧྲང་ཧའེ་སྟེ་བསྒྱུར་བཅོས་སྒོ་དབྱེའི་སྒེའུ་ཁུང་མདུན་མ་འདི་ཉིད་དུ་གཞི་ཚུགས་ནས། ངས་འགག་སྒོ་དཔུང་ཁག་གི་སྤྱོད་ཆུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཕུའུ་ཏུང་གི་སྣེ་ཁྲིད་ཁུལ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ། ལིན་ཀང་ཁུལ་གསར་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་འོས་འགན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་སྐུལ་འདེད་གཏོང་ཆེད་འགག་སྒོའི་ན་གཞོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ལས་ཁུངས་ཏང་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ལི་ཏུང་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་འཕྲིན་ལན་གྱིས་འགག་སྒོའི་དཔུང་ཁག་འཛུགས་སྐྲུན་ཐད་ཚད་གཞི་སྔར་ལས་མཐོ་བ་དང་། བླང་བྱ་སྔར་ལས་ནན་པ་བཏོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་བ་ནན་པོ་སྟོང་ཟད་དུ་མི་གཏོང་བར། བརྗོད་གཙོའི་སློབ་གསོ་དང་འབྲེལ་ནས། འོས་འགན་དང་འགན་འཁྲི་བློ་ལ་དམ་པོར་བཅངས་པ་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས། ཏང་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པའི་རྒྱལ་སྒོའི་སྲུང་དམག་ཡག་པོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཅི་ལ་ཧྥུ་འགག་སྒོའི་ལས་བཟོ་བ་ཡོངས་ལ་འཕྲིན་ལན་སྤྲིངས་པར་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་གསལ། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཆི་ལ་ཧྥུ་འགག་སྒོའི་ལས་བཟོ་བ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། འགག་སྒོའི་མ་ལག་གི་ལས་བྱེད་དང་ལས་བཟོ་བ་ཡིས་འགན་འཁྲི་སྔར་ལས་ཡག་པོ་སྒ