ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་བ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱིས་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་7361བཏང་ནས་ལས་གྲྭ་གལ་ཆེན་ཁག་གཅིག་ལག་བསྟར་བྱེད་མགྱོགས་སུ་བཏང་བ།

2023-09-14 17:29:00     责编:桑吉卓玛

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་“དབང་གྲགས་ཚན་པས་འགོ་ཚུགས་གླེང་བ་”ཞེས་པའི་མུ་འབྲེལ་བརྗོད་གཙོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཆུ་བེད་པུའི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་། ཆུ་བེད་སྡེ་ཚན་གྱིས་“ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པ་དང་། བར་སྟོང་དོ་མཉམ། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་། ལག་གཉིས་ཀྱིས་ཤུགས་རྒྱག་པ་”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ནས་དུས་མཚམས་གསར་པའི་ཆུ་བེད་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། མིག་སྔར། རང་རྒྱལ་གྱི་ཞོད་ཐན་གནོད་འཚེ་འགོག་ནུས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། གཙང་པོ་དང་མཚེའུ་ཡི་འབྱུང་ཁམས་ཁོར་ཡུག་སླར་གསོ་བྱས་འབྲས་མངོན་གསལ་དོད་པོ་བྱུང་བ། རྒྱལ་ཁབ་ཀྱི་ཆུ་དྲའི་འཛུགས་སྐྲུན་མགྱོགས་མྱུར་འཐུས་ཚང་དུ་སོང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

རང་རྒྱལ་ནི་འཛམ་གླིང་ཐོག་ཆུའི་གནས་ཚུལ་ཆེས་རྙོག་འཛིང་ཆེ་བ་དང་། གཙང་པོ་དང་ཆུ་བོ་བཅོས་སྐྱོང་བྱེད་པར་དཀའ་གནད་ཆེན་པོ་ལྡན་པ། ཆུ་བཅོས་པའི་ལས་འགན་ཆེས་ལྕི་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཆུ་བེད་པུའི་པུའུ་ཀྲང་ལི་གོ་དབྱིང་གིས། འདི་ལོའི་དབྱར་དུས་ཀྱི་འབྲུབ་ཆུ་རྒྱ་པའི་གནས་ཚུལ་ལ་དམིགས་ནས་ཆུ་བེད་པུས་མི་དམངས་རྩ་བའི་རྩེ་མོར་འཛིན་པ་དང་ཚེ་སྲོག་གོང་མའི་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞོད་ཐན་གྱི་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་བཅག་ཡོད་ཅེས་ངོ་སྤྲོད་གནང་བ་རེད། ཁོང་གིས། ཉེ་བའི་ལོ་ཤས་རིང་གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད་ཆུ་བོ་དང་མཚེའུ་ཡི་འབྱུང་ཁམས་ཁོར་ཡུག་སླར་གསོ་མགྱོགས་པོ་བྱུང་བ་དང་ཆུ་བོ་དང་མཚེའུ་ཡི་བདེ་ཐང་ཚེ་སྲོག་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅིང་། སྤྱི་ལོ་2022ལོར་རྒྱལ་ཡོངས་ཀྱི་གཙོ་གནད་ཆུ་བོ་དང་མཚེའུ་ཡི་འབྱུང་ཁམས་བཞུར་ཚད་ཚད་གཞི་ལོན་ཚད་90%ལྷག་ཙམ་ཟིན་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་ཆུའི་དྲ་བ་ནི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཆུའི་གནོད་འཚེ་དང་། ཆུའི་ཐོན་ཁུངས། ཆུའི་འབྱུང་ཁམས། ཆུའི་ཁོར་ཡུག་བཅས་ཀྱི་གནད་དོན་གོ་རིམ་ལྡན་པའི་ངང་ཐག་གཅོད་བྱས་ནས་རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞི་དང་འདེགས་སྐྱོར་གལ་ཆེན་ཞིག་རེད། ཆུ་བེད་པུའི་འཆར་འགོད་སིའི་སི་ཀྲང་ཀྲང་ཤང་ཝེ་ཡིས། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་9856དོན་འཁྱོལ་བྱས་པ་དང་། ཆུ་བེད་རྣམ་གྲངས་སྣ་ཚོགས་ཁྲི་2.36གསར་དུ་ལས་འགོ་ཚུགས་པ། ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་7361བཏང་བ་བཅས་ཕྱོགས་གང་སྤྱིའི་ཐད་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་ཅིང་། རྒྱལ་ཁབ་ཀྱི་ཆུའི་དྲ་བ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཟླ་བ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱིས་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་7361བཏང་ནས་ལས་གྲྭ་གལ་ཆེན་ཁག་གཅིག་ལག་བསྟར་བྱེད་མགྱོགས་སུ་བཏང་བ།

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་“དབང་གྲགས་ཚན་པས་འགོ་ཚུགས་གླེང་བ་”ཞེས་པའི་མུ་འབྲེལ་བརྗོད་གཙོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག