སློབ་གསོ་པུས་སློབ་ཕྱིའི་གསོ་སྦྱོང་གི་སྲིད་འཛིན་ཆད་གཅོད་བྱེད་པའི་གནས་སྐབས་བྱ་ཐབས་ཞེས་པ་ཡོངས་བསྒྲགས་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་ཕྱིའི་གསོ་སྦྱོང་གི་སྲིད་འཛིན་ཆད་གཅོད་ཀྱི་གནས་སྐབས་བྱ་ཐབས་ཞེས་པ་ཉེ་དུས་ཡོངས་བསྒྲགས་བྱས་ནས། སློབ་ཕྱིའི་གསོ་སྦྱོང་གི་སྲིད་འཛིན་ཆད་གཅོད་ལ་སྒྲིག་སྲོལ་དང་གཏན་འབེབས་བྱས་ཡོད་པ་དང་། ད་ལོའི་སྤྱི་ཟླ་༡༠ཚེས་༡༥ཉིན་ལག་བསྟར་བྱ་རྒྱུ་ཡིན་པ་རེད། གནས་སྐབས་བྱ་ཐབས་ལ་ཁྱོན་ལེའུ་དྲུག་དང་དོན་ཚན་༤༤ཡོད་པ་དང་། སློབ་ཕྱིའི་གསོ་སྦྱོང་གི་སྲིད་འཛིན་ཆད་གཅོད་བྱེད་སའི་ལག་བསྟར་ཚན་པ་དང་། ཁོངས་གཏོགས། ལག་བསྟར་བྱ་ཡུལ། ཁྲིམས་འགལ་བྱ་སྤྱོད་དང་བཅའ་ཁྲིམས་ཀྱི་འགན་འཁྲི། ཆད་གཅོད་བྱེད་པའི་གོ་རིམ་དང་ལག་བསྟར། ཁྲིམས་བསྟར་ལྟ་སྐུལ་སོགས་ཀྱི་ཐད་གཏན་འབེབས་བཟོས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།