ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་སྤྱི་ལེ3500ཡི་གཞུང་ལམ་ལ་རིག་ནུས་ཅན་གྱི་ལེགས་བསྒྱུར་བྱས་ཟིན།

2023-09-13 16:24:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱི་གྲངས་གཞིའི་འགྲིམ་འགྲུལ་འཛུགས་སྐྲུན་གྱིས་འགག་རྩའི་གོང་འཕེལ་དུས་རིམ་གྱི་མདུན་བསུས་པ་རེད། མིག་སྔར། རང་རྒྱལ་གྱི་སྤྱི་ལེ3500ཡི་གཞུང་ལམ་ལ་རིག་ནུས་ཅན་གྱི་ལེགས་བསྒྱུར་བྱས་ཟིན་པ་དང་། རིག་བརྟེན་གཞུང་ལམ་ཁག་གཅིག་སྐྲུན་ཚར་ནས་འཁོར་སྐྱོད་བྱེད་འགོ་བརྩམས་པ་རེད།

རྨང་གཞི་འཛུགས་སྐྲུན་གསར་བའི་རིག་བརྟེན་འགྲིམ་འགྲུལ་མྱུར་བགྲོད་ལམ་བུའི་སྟེང་བསྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཅིང་ཞུང་མྱུར་བགྲོད་གཞུང་ལམ་ནི་ཞུང་ཨན་ཁུལ་གསར་དང་པེ་ཅིང་སྦྲེལ་བའི་ཆེས་མགྱོགས་ཤིང་སྟབས་བདེ་བའི་གཞུང་ལམ་ཡིན་ལ། རིག་བརྟེན་མྱུར་བགྲོད་འཛུགས་སྐྲུན་ཐད་དུ། ཀྲུང་གོའི་ཀྲུང་གོ་ལྕགས་ལམ་ཅིང་ཞུང་རིག་བརྟེན་མྱུར་བགྲོད་འཛུགས་སྐྲུན་གྱི་འགན་འཁུར་བ་ལིན་ཡང་གིས། གོམ་སྟབས་རྗེས་མར་ཡང་དོ་དམ་ཐབས་ཇུས་ཚན་རིག་ཅན་དང་། ལམ་དང་དྲ་བ་སྙོམས་སྒྲིག་རིག་ནུས་ཅན། འགྲོ་སྐྱོད་ཞབས་ཞུ་ཞིབ་ཕྲ་ཅན། འཕྲལ་སྒྲུབ་རོགས་སྐྱོབ་ནུས་མཐོ་ཅན་མངོན་འགྱུར་ཡོང་བ་སོགས་ཐད་དུ་ཐོལ་བརྒལ་བྱས་པར་འབད་བརྩོན་བྱ་རྒྱུ་ཡིན། མ་འོངས་པར། ཅིང་ཞུང་མྱུར་བགྲོད་གཞུང་ལམ་གྱི་པེ་ཅིང་ལམ་དུམ་དུ་ལམ་ཐིག་ཧྲིལ་བོར་5Gཆེད་མངགས་དྲ་བ་ཁྱབ་པ་དང་། ལམ་དུམ་དུ་ཁོངས་ཡོངས་ཤེས་ཚོར་མངོན་འགྱུར་འབྱུང་རྒྱུ་ཡིན་པ་དང་། ཤེས་ཚོར་དང་རྩིས་རྒྱག འཕྲིན་གཏོང་། ཆ་འཕྲིན་སྤེལ་བ་སོགས་ལག་རྩལ་གྱི་གཞི་གཅིག་ཅན་གྱི་མཉམ་འདྲེས་ལག་རྩལ་བརྒྱུད། མི་དང་རླངས་འཁོར། ལམ། དྲ་བ་བཅས་ཡིད་རྟོན་རུང་བའི་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་ཡོད།

རང་རྒྱལ་གྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་མགྱོགས་མྱུར་བསྐྲུན་ཟིན་པ་དང་བསྟུན་ནས། མཉམ་འབྲེལ་དྲ་བ་དང་གྲངས་གཞི་ཆེན་མོ། མིའི་བཟོས་རིག་ནུས་བཅས་ཀྱིས་རྨང་གཞི་བྱས་པའི་ཆ་འཕྲིན་ལག་རྩལ་གོང་འཕེལ་མགྱོགས་མྱུར་ཕྱིན་པ་དང་། རྨང་གཞི་གསར་བའི་འཛུགས་སྐྲུན་ལ་ནུས་པ་སྤྲོད་པ་དེ་འགྲིམ་འགྲུལ་སྒྲིག་ཆས་ཀྱི་སྤུས་ཚད་མཐོར་གཏོང་དང་ནུས་པ་ཆེར་གཏོང་ལ་སྐུལ་འདེད་དང་། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་འགྱུར་བཞིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་འཆར་འགོད་ཞིབ་འཇུག་ཁང་ཆ་འཕྲིན་ཁང་གི་འགོ་འཛིན་གཞོན་པ་ཁྲེན་ཁུན་གྱིས། སྤྱི་ལེ་3500ལས་བརྒལ་བའི་གཞུང་ལམ་ལ་རིག་ནུས་ཅན་གྱི་རིམ་སྤོར་ལེགས་བསྒྱུར་བྱས་ཟིན་པ་དང་། འཁོར་ལམ་རིམ་པའི་དོ་དམ་ཚོད་འཛིན་དང་། རིག་ནུས་ལྟ་ཞིབ་ཚད་ལེན་སྔོན་བརྡ། ལམ་དང་དྲ་བ་མཐུན་སྦྱོར་སྙོམས་སྒྲིག ཡུལ་དངོས་མ་ཡིན་པའི་ཁྲིམས་བསྟར་སོགས་ཉེར་སྤྱོད་རྣམ་པ་འཛུགས་སྐྲུན་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། སླད་ཕྱིན་ཅི་ལྟར་གོང་འཕེལ་གཏོང་མིན་ཐད། ང་ཚོས་རིགས་དབྱེ་དང་རིམ་དབྱེའི་སྒོ་ནས་ང་ཚོའི་རིག་ནུས་ཅན་གྱི་ཇུས་གཞིའི་ཇུས་འགོད་ལག་བསྟར་བྱེད་པ་དང་། དམིགས་སའི་རང་བཞིན་གྱི་ལག་ལེན་བསྟར་ཐུབ་པའི་ཉེར་སྤྱོད་རྣམ་པ་དོན་དམ་དང་གཏིང་ཟབ། ཞིབ་ཚགས་བཅས་སུ་བསྐྲུན་པ་དང་། རིག་ནུས་ཅན་གྱི་འགྲིམ་འགྲུལ་དང་རིག་བརྟེན་གཞུང་ལམ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བརྗོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

རང་རྒྱལ་གྱི་སྤྱི་ལེ3500ཡི་གཞུང་ལམ་ལ་རིག་ནུས་ཅན་གྱི་ལེགས་བསྒྱུར་བྱས་ཟིན།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱི་གྲངས་གཞིའི་འགྲིམ་འགྲུལ་འཛུགས་སྐྲུན་གྱིས་འགག་རྩའི་གོང་འཕེལ་དུས་རིམ་གྱི་མདུན་བསུས་པ་རེད། མིག་སྔར། རང་རྒྱལ་གྱི་སྤྱི་ལེ3500ཡི་གཞུང་ལམ་ལ་རིག་ནུས་ཅན་གྱི་ལེགས་