ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དམངས་སྲིད་པུས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དམངས་འཚོའི་མཐའ་སྐྱོང་འགན་ལེན་གྱི་བདེ་འཇགས་དྲ་བ་བརྟན་དུ་བཏང་བ།

2023-09-13 16:20:00     责编:桑吉卓玛

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་༼དབང་གྲགས་སྡེ་ཚན་གྱི་གཏམ་བཤད་འགོ་ཚུགས་པ་༽ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། དམངས་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མཐའ་སྐྱོང་འགན་ལེན་གྱི་འགན་ནུས་ནན་ཏན་ངང་བསྒྲུབས་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། བྱེད་ཐབས་སྣ་མང་མཉམ་སྤྱོད་དང་འགན་འཁྲི་ཏན་ཏིག་འཁུར་ནས་དམངས་འཚོའི་མཐའ་སྐྱོང་འགན་ལེན་གྱི་བདེ་འཇགས་དྲ་བ་བརྟན་པོ་བཙུགས་ཡོད་ཅེས་བསྟན་པ་རེད།

རང་རྒྱལ་གྱིས་རང་འགུལ་ངང་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པའི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ་རེ་ཞུ་བྱེད་ནུས་མི་འདང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་དང་རོགས་སྐྱོབ་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ཡོད། མ་མཐའི་འཚོ་བ་འགན་ལེན་གྱི་ཚད་དང་མཐུན་པའི་ཁྱིམ་ཚང་ཁྱོན་ཡོངས་ནས་གཏན་ཁེལ་བྱས་ཏེ་མ་མཐའི་ཚད་དང་མཐུན་པའི་ཁྱིམ་ཚང་ཁྲོད་ཀྱི་ནད་གཞི་ལྕི་པོ་དང་དབང་སྐྱོན་མི་སྣ་ཁེར་རྐྱང་ངང་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་ནས“འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་དང་རོགས་སྐྱོབ་བྱེད་དགོས་ངེས་ལ་རོགས་སྐྱོབ་གང་ཐུབ་བྱས་ཡོད། དམངས་སྲིད་པུའི་སྤྱི་ཚོགས་རོགས་སྐྱོབ་སིའི་སི་ཀྲང་ལིའུ་ཤིས་ཐང་གིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་གཞིར་བཟུང་། རོགས་སྐྱོབ་འགན་ལེན་ཚད་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱས་པས་འདི་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་དེ་ན་ནིང་གི་དུས་མཚུངས་ལས་ཁག་སོ་སོར་བརྒྱ་ཆ་4དང་གྲང་ཆུང་8དང་། བརྒྱ་ཆ་8དང་གྲང་ཆུང་5འཕར་ཡོད། འདི་ལོའི་སྤྱི་ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་མ་མཐའི་འཚོ་བའུ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པ། གནས་སྐབས་རོགས་སྐྱོབ་བཅས་ཀྱི་མ་དངུལ་སྒོར་དུང་ཕྱུར་1265བཏང་བས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཅུང་ཡག་པོ་བྱུང་ཡོད་ཅེས་བསྟན་འདུག

རང་རྒྱལ་གྱིས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། རྒྱ་ཆེའི་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། དམངས་སྲིད་པུའི་པུའུ་ཀྲང་ཐང་ཏེང་ཅེ་ཡིས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོ་འགན་བཅོལ་མ་ལག་འཕེལ་རྒྱས་གཏོང་བ། ཡུན་རིང་གི་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་པ་བཅས་བྱས་ནས་རྒན་རྒོན་གྱི་བདེ་ཐང་དོ་དམ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན། ཁྱིམ་སྡོད་རྣམ་པའི་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་དང་། ལུས་གསོ། འཚོ་སྐྱོང་བཅས་ཟུང་དུ་འབྲེལ་བའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུ་དང་ཁྱིམ་སྡོད་རྣམ་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུར་སྐུལ་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་ལ་ཁ་ལག་རོགས་སྐྱོར་བྱེད་པའི་ཞབས་ཞུ་དང་ཁྱིམ་སྡོད་རྒན་རྒོན་དང་འཚམ་པའི་བསྒྱུར་བཀོད་སོགས་བྱེད་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཅེས་གསུངས་པ་རེད།

གཞན་ཡང་རང་རྒྱལ་གྱིས་དམངས་སྲིད་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད། དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རྩ་འཛུགས་ཀྱིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་160ལ་ཆ་སྒྲིག་རོགས་སྐྱོར་བྱེད་རྒྱུ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རོགས་སྐྱོར་བྱེད་རྒྱུ། རིམ་པ་ཁག་གི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་མུ་མཐུད་ཁེ་ལས་ཀྱི་ཁུར་པོ་ཡང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། ཞིབ་བཤེར་ཆོག་མཆན་འགོད་པའི་ལས་སྒྲུབ་གོ་རིམ་སྟབས་བདེར་གཏོང་བ་དང་། གྲོང་མིའི་གཉེན་སྒྲིག་ཐོ་འགོད་“ཞིང་ཆེན་ལས་སྒྲོལ་ནས་ཡོངས་གཉེར་”གྱི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ། ཞབས་ཞུ་སྣེ་མང་ལས་སྒོ་སྣ་གཅིག་གིས་གཉེར་བ། དྲ་ཐོག་ནས་གཉེར་བ། ལག་ཐོག་ཏུ་གཉེར་བ་བཅས་ལ་སྐུལ་འདེད་བཏང་ཐི་ དམངས་བདེ་དམངས་ཕན་དང་ཁེ་ལས་ལ་ཕན་པ་པ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

དམངས་སྲིད་པུས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དམངས་འཚོའི་མཐའ་སྐྱོང་འགན་ལེན་གྱི་བདེ་འཇགས་དྲ་བ་བརྟན་དུ་བཏང་བ།

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་༼དབང་གྲགས་སྡེ་ཚན་གྱི་གཏམ་བཤད་འགོ་ཚུགས་པ་༽ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོག