ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སྟོན་གྲངས་ཟླ་བ་གསུམ་བསྟུད་མར་འཕར་བ།

2023-09-12 15:19:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་11ཉིན་ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་8པར་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས་89.4ཟིན་པ་དེ་སྤྱི་ཟླ་7པ་ལས་གྲངས་གནས་0.1འཕར་ཡོད། དེ་ནི་སྤྱི་ཟླ་6པ་དང་སྤྱི་ཟླ་7པར་གྲངས་གནས་0.2འཕར་རྗེས་བསྟུད་མར་འཕར་བའི་ཟླ་བ་གསུམ་པ་དེ་ཡིན་པ་རེད།

ནང་མཁོ་རྒྱ་ཆེར་གཏོང་བ་དང་། ཁྲལ་གྲོན་ཉུང་དུ་གཏོང་བ། དམངས་གཉེར་ཁེ་ལས་ལ་སྐུལ་འདེད་གཏོང་བ། མ་རྩའི་གསོན་ཤུགས་འཕེལ་བ་བྱེད་པ་སོགས་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་ལག་བསྟར་བྱས་པ་དང་བསྟུན་ནས་སྤྱི་ཟླ་བརྒྱད་པར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས་ཟླ་བ་གསུམ་བསྟུད་མར་འཕར་ཡོད་པ་རེད། ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱི་དྲུང་ཆེ་ཤེ་ཅེ་ཡིས། དེ་ནི་ལོ་གཅིག་ལྷག་ཙམ་རིང་ཟླ་བ་གསུམ་བསྟུད་མར་འཕར་ཐེངས་དང་པོ་རེད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་དམངས་ཁྲོད་མ་འཇོག་གི་བྱ་ཐབས་ཁག་17དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་བརྒྱུད་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཀྱི་སེམས་ཤུགས་ཆེ་རུ་ཕྱིན་ཡོད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུད་ཆེད་མངགས་བཙུགས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། མིག་སྔའི་རྒྱལ་སྤྱི་དང་རྒྱལ་ནང་གི་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་བསྟུད་མར་འཕར་བའི་དགའ་འོས་པའི་གྲུབ་འབྲས་འདི་ལྟ་བུ་ནི་ལས་སླ་པོར་ཐོབ་པ་ཞིག་མ་ཡིན་ཞེས་བརྗོད་པ་རེད།
ཡན་ལག་སྟོན་གྲངས་ནང་སྤྱི་ཁོག་དཔལ་འབྱོར་གྱི་མྱོང་ཚོར་སྟོན་གྲངས་དང་། ཕྱོགས་བསྡུས་གཉེར་སྐྱོང་སྟོན་གྲངས། ཁྲོམ་རའི་སྟོན་གྲངས། མ་འཇོག་སྟོན་གྲངས་བཅས་ཚང་མ་ཟླ་བ་གསུམ་བསྟུད་མར་འཕར་བ་དང་ལས་རིགས་སྟོན་གྲངས་ཁྲོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྟོན་གྲངས་དེ་ཟླ་བ་བཞི་བསྟུད་མར་འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶རྒྱལ་ཁབ་འདིའི་ཙུང་ཐུང་བཟང་བཙོན་དུ་བཅུག་ཅིང་དེའི་བུ་ཡང་བཟུང་འདུག

སྤྱི་ཚེས་30ཉིན་ཀ་པོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་མིག་སྔར་ཀ་པོན་གྱི་དུས་བབ་ལ་དམིགས་ནས་གཞུང་ཚབ་ཁང་གིས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སྟོན་གྲངས་ཟླ་བ་གསུམ་བསྟུད་མར་འཕར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་11ཉིན་ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་8པར་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས་89.4ཟིན་པ་དེ་སྤྱི་ཟླ་7པ་ལས་གྲངས་གནས་