སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་དམིགས་ཚད་ཆེན་པོ་གསུམ་བརྟན་པོའི་ངང་འཕར་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་བརྟན་པོའི་ངང་འཕར་ཡོད་པ་རེད།
སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་4320བཏང་བ་དེ་དུས་མཚུངས་ལས་7.2%འཕར་བ་དང་། དེང་རབས་ཅན་གྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་བསྐྲུན་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་ནང་གཏན་འཁེལ་བྱས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།
སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་26.05སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་111.2%འཕར་ཡོད་པ་རེད། རྒྱལ་ཁབ་ལྕགས་ལམ་གྱིས་ཁྱོན་དངོས་ཟོག་ཏུན་དུང་ཕྱུར་25.74སྐྱེལ་འདྲེན་བྱས་པའི་ནང་དོས་སྒམ་ཏུན་དུང་ཕྱུར་4.68ཟིན་པ་དེ་དུས་མཚུངས་ལས་7.4%འཕར་བ་དང་ལྕགས་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།