ཐེན་ཀྲོའུ་རྟགས་ཅན་གྱི་ཟོག་འདྲེན་འཕུར་གྲུ་ཨང་ལྔ་པ་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་མ་ལག་ནས་བདེ་བླག་ངང་ཕྱིར་འཐེན་བྱས་པས། ཚོད་འཛིན་ཐེབས་ནས་སླར་ཡང་རླུང་ཁམས་ཆེན་པོའི་བང་རིམ་དུ་འཇུག་རྒྱུ་ཡིན་པ།
འདི་ག་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། དུས་གཏན་ལས་འགན་ཚང་མ་ལེགས་སྒྲུབ་ཟིན་པའི་ཐེན་ཀྲོའུ་རྟགས་ཅན་གྱི་ཟོག་འདྲེན་འཕུར་གྲུ་ཨང་ལྔ་པ་སྤྱི་ཚེས་11ཉིན་གྱི་ཆུ་ཚོད་16དང་སྐར་མ་46ཐོག བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་མ་ལག་ནས་བདེ་བླག་ངང་ཕྱིར་འཐེན་བྱས་ཏེ་རང་ཚུགས་འཕུར་སྐྱོད་བྱེད་འགོ་བརྩམས་ཤིང་། འཆར་གཞི་ལྟར་སྤྱི་ཚེས་12ཉིན་ཚོད་འཛིན་ཐེབས་ནས་སླར་ཡང་རླུང་ཁམས་ཆེ་མོའི་བང་རིམ་དུ་འཇུག་རྒྱུ་དང་ཟོག་འདྲེན་འཕུར་གྲུའི་ལྷུ་ལག་མང་ཆེ་བ་སླར་ཡང་རླུང་ཁམས་ཆེ་མོའི་བང་རིམ་ནང་འཇུག་པའི་བརྒྱུད་རིམ་ཁྲོད་མེ་བསྲེགས་ནས་མེད་པ་བཟོ་རྒྱུ་དང་ཟོག་རོ་ཉུང་ཤས་ལྷོ་ཞི་བདེ་རྒྱ་མཚོ་ཆེ་མོའི་གཏན་འཁེལ་བྱས་པའི་བདེ་འཇགས་མཚོ་ཁོངས་སུ་ལྷུངས་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།