ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཁབ་ཀྱི་རླུང་གློག་འོད་ཧྥུ་ལས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་8ལས་བརྒལ་བ།

2023-05-26 15:51:00     责编:桑吉卓玛

འདི་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་བར་རང་རྒྱལ་གྱི་རླུང་གློག་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་3.8ཟིན་པ་དང་། འོད་ཧྥུའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་4.4ཟིན་པ། རླུང་གློག་འོད་ཧྥུའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་8བཅས་ཟིན་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་འགུལ་ནུས་ཟམ་མི་ཆད་པར་མཁོ་འདོན་བྱས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་སླར་སྐྱེས་ནུས་རྒྱུའི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ཁ་ཕྱོགས་ཆེན་པོ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཐོག རྒྱབ་སྐྱོར་སྲིད་ཇུས་དང་ལྕག་སྐུལ་བྱ་ཐབས་རབ་དང་རིམ་པ་བཟོས་ཏེ་འོད་ཧྥུའི་གློག་གཏོང་ལས་རིགས་ཀྱི་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།

ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་ཀྲུང་གོ་རྒྱལ་སྤྱིའི་ཐཱན་བཏང་སྙོམས་དང་དཔལ་འབྱོར་ཞིབ་འཇུག་ཁང་གི་ལག་བསྟར་འགོ་འཛིན་ཏུང་ཤིའུ་ཁྲེང་གིས། ཐཱན་རྩེ་གྲངས་སུ་སླེབས་པ་བྱེད་པ་དང་། ཐཱན་བཏང་སྙོམས་ཡོང་བ་བྱེད་པའི་དམིགས་ཚད་ཀྱི་སྣེ་ཁྲིད་དང་གོ་ལ་ཧྲིལ་པོའི་མྱུར་སྟབས་ཉེར་མཁོའི་རྒྱབ་ལྗོངས་འོག ཉེ་བའི་ལོ་ཤས་རིང་ཀྲུང་གོའི་འོད་ཤུགས་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་ཡོད།
གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་རླུང་གློག་འོད་ཧྥུའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་6251ཟིན་པ་དེས་རྒྱལ་ཡོངས་ཀྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་74%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་11.5འཕར་ཡོད་པ་རེད། དེའི་ནང་རླུང་གློག་ཆན་ཝ་ཁྲི་1420མང་དུ་ཕྱིན་པ་དང་འོད་ཧྥུའི་གློག་གཏོང་ཚད་ཆན་ཝ་ཁྲི་4831མང་དུ་ཕྱིན་པ་དེས། ཁག་སོ་སོར་རྒྱལ་ཡོངས་ཀྱི་གསར་དུ་འཕར་བའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་16.8%དང་57.2%བཟུང་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་རླུང་གློག་གི་འོད་ཧྥུའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4828ཟིན་པ་དེ་དུས་མཚུངས་ལས་26.8%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་17.2%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གནས་3འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རྒྱལ་ཁབ་ཀྱི་རླུང་གློག་འོད་ཧྥུ་ལས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་8ལས་བརྒལ་བ།

འདི་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་བར་རང་རྒྱལ་གྱི་རླུང་གློག་འཕྲུལ་འཁོར་ནས་ག