ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་ཚན་ཞིབ་རུ་མི་ཇོ་མོ་གླང་མའི་རྩེ་མོར་འཛེགས་པ་དང་ཚན་རིག་རྟོག་ཞིབ་ཀྱི་རྣམ་གྲངས་མང་པོ་ཞིག་སྤེལ་བ།

2023-05-24 17:02:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཐེངས་གཉིས་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་གིས་སྒྲིག་འཛུགས་བྱས་པའི་2023ལོའི་རི་རྩེའི་ལས་འགན་ཞེས་པའི་ཇོ་མོ་གླང་མའི་ཚན་ཞིབ་དེ་ཉིན་ཤས་གོང་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། རི་རྩེར་འཛེགས་མཁན་རུ་མི་ཚོས་སྤྱི་ཚེས་23ཉིན་བདེ་བླག་ངང་ཇོ་མོ་གླང་མའི་ཡང་རྩེར་འཛེགས་ཡོད་པ་དང་། འགག་རྩའི་རང་བཞིན་གྱི་ཇོ་རིའི་ཡང་རྩེའི་ཚན་ཞིབ་ལས་འགན་བདེ་བླག་ངང་ལེགས་གྲུབ་གནང་ཡོད་པ་རེད།

2023ལོའི་རི་རྩེའི་ལས་འགན་ཞེས་པའི་ཇོ་མོ་གླང་མའི་ཚབ་ཞིབ་དེ་ནི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཐབ་ཇུས་ཚན་རིག་མཁས་པས་སྣེ་ཁྲིད་མཛད་པ་དང་། ཚན་ཞིབ་རུ་མི་170ལྷག་ཞུགས་པའི་ཨ་ཤེ་ཡའི་ཆུ་མཛོད་ཀྱི་འགྱུར་ལྡོག་དང་འབྱུང་ཁམས་མ་ལག་དང་ཐཱན་འཁོར་རྒྱུག་སོགས་ཁ་ཕྱོགས་ལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རང་རྒྱལ་ཚན་ཞིབ་རུ་མི་ཇོ་མོ་གླང་མའི་རྩེ་མོར་འཛེགས་པ་དང་ཚན་རིག་རྟོག་ཞིབ་ཀྱི་རྣམ་གྲངས་མང་པོ་ཞིག་སྤེལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཐེངས་གཉིས་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་གིས་སྒྲིག་འཛུགས་བྱས་པའི་2023ལོའི་རི་རྩེའི་ལས་འགན་ཞེས་པའི་ཇོ་མོ་གླང་མའི་ཚན་ཞིབ་ད