ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གོའི་ཉིང་རྡུལ་སྲིད་ཇུས་ལ་སྐྱོན་འཛུགས་བྱེད་པའི་ཐད།

2023-05-23 16:33:00     责编:娜科

   ཟླ་5ཚེས་22ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པས། ཚེས་19ཉིན། རྒྱལ་ཁབ་བདུན་གྱི་ཚོགས་པའི་(G7)འགོ་ཁྲིད་པས་《ཉིང་རྡུལ་དང་དམག་མི་ཉུང་དུ་གཏོང་བའི་ཀོང་ཏའོ་ཡི་འདུན་པ་》བཏོན་པའི་ནང་། ཀྲུང་གོས་ཉིང་རྡུལ་མཚོན་ཆ་མགྱོགས་མྱུར་རྒྱ་སྐྱེད་བཏང་བ་དེ་གསལ་པོ་མེད་པ་མ་ཟད་སྐད་ཆ་ཤོད་འདོད་མི་བྱེད་པས། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་བརྟན་ལྷིང་ལ་གནོད་པའི་སྐྱོན་བརྗོད་བྱས་པ་དང་། ཀྲུང་གོ་ཕྱོགས་ལ་འབྲེལ་ཡོད་ཕྱོགས་མང་གི་གྲོས་བསྡུར་ནང་དངོས་སུ་ཞུགས་ནས་ཉིང་རྡུལ་དང་དམག་མི་ཉུང་གཏོང་འོས་འགན་ཏན་ཏིག་བསྒྲུབ་དགོས་པའི་བླང་བྱ་བཏོན་པར། ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

   མའོ་ཉིང་གིས་བསྟན་དོན། རྒྱལ་ཁབ་བདུན་གྱི་ཚོགས་པར་ཉིང་རྡུལ་མཚོན་ཆ་ཚོད་འཛིན་གྱི་གནད་དོན་ཐད་རྒྱལ་ཁབ་གཞན་དག་ལ་བཀའ་འབེབས་བཀོད་འདོམས་བྱེད་པའི་ཐོབ་ཐང་མེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་བདུན་ཀྱི་ཁུངས་ལུང་མེད་པའི་སྐྱོན་འཛུགས་དེ་དང་ལེན་མི་བྱེད། ཨ་རིར་འཛམ་གླིང་ཐོག་ཉིང་རྡུལ་གོ་མཚོན་ཆེ་ཤོས་དང་ཆེས་སྔོན་ཐོན་གྱི་བང་མཛོད་ཡོད་མོད། འོན་ཀྱང་། སྔོན་ལ་ཉིང་རྡུལ་མཚོན་ཆ་སྤྱོད་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་མ་དངུལ་འབོར་ཆེན་བཏང་ནས་“ཕྱོགས་གསུམ་གཞི་གཅིག་”གི་ཉིང་རྡུལ་སྟོབས་ཤུགས་ཀྱི་རིམ་པ་སྤར་བ་དང་《ཉིང་རྡུལ་འཕུར་མདེལ་མེད་པར་བཟོ་བའི་ཆིངས་ཡིག་》དང་《ཉིང་རྡུལ་འཕུར་མདེལ་འབྲིང་བ་མེད་པར་བཟོ་བའི་ཆིངས་ཡིག་》སོགས་དམག་མཚོན་གཉིས་འགོག་གི་ཆིངས་ཡིག་འཇོག་པ་ལས་ཕྱིར་འཐེན་བྱས་ཏེ། དམག་ཤུགས་མདུན་ཕྱོགས་སུ་བཀོད་སྒྲིག་ཤུགས་ཆེན་བྱས་པ་མ་ཟད། ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་ཏུ་ཡིའུ་མང་འདུས་ཀྱི་གོ་མཚོན་མཆེད་དུའང་བཅུག་ཡོད། རྒྱལ་ཁབ་བདུན་གྱི་ཚོགས་པའི་ནང་3ནི་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཡིན་པ་དང་། དེ་བྱིངས་4པོ་ཚང་མ་ཉིང་རྡུལ་མཉམ་སྤྱོད་ནང་ཞུགས་པའམ་ཡང་ན་ཉིང་རྡུལ་མཚོན་ཆ་ལོངས་སྤྱོད་བྱེད་མཁན་རེད།

   མའོ་ཉིང་གིས་བསྟན་དོན། རྒྱལ་ཁབ་བདུན་གྱི་ཚོགས་པས་ཀྲུང་གོའི་ཉིང་རྡུལ་སྲིད་ཇུས་ལ་སྐྱོན་འཛུགས་བྱས་པ་དེ་ནི་རྦད་དེ་རྫུན་གཏམ་སྨྲ་བ་ཞིག་རེད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་རང་ཉིད་འགོག་སྲུང་གི་ཉིང་རྡུལ་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དེ་ནི་སྔོན་ལ་ཉིང་རྡུལ་མཚོན་ཆ་མི་སྤྱོད་པ་དང་། ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་དང་ཉིང་རྡུལ་མཚོན་ཆ་མེད་པའི་སུ་ཁུལ་ལ་ཉིང་རྡུལ་མཚོན་ཆ་མི་སྤྱོད་པ་ཁས་ལེན་བྱེད་མཁན་གྱི་ཉིང་རྡུལ་རྒྱལ་ཁབ་གཅིག་ཡིན། ཐོག་མཐའ་བར་གསུམ་དུ་ཉིང་རྡུལ་སྟོབས་ཤུགས་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོའི་ཆུ་ཚད་དམའ་ཤོས་སུ་རྒྱུན་འཁྱོངས་བྱེད་ཡོད། རྒྱལ་ཁབ་གང་ཞིག་ཡིན་རུང་ཀྲུང་གོར་ཉིང་རྡུལ་མཚོན་ཆ་བེད་སྤྱོད་བྱེད་པའམ་བེད་སྤྱོད་བྱེད་པར་འཇིགས་སྐུལ་མ་བྱས་ན་ཀྲུང་གོའི་ཉིང་རྡུལ་མཚོན་ཆའི་འཇིགས་སྐུལ་ཡོང་མི་སྲིད། དེ་ནི་དོན་སྙིང་དངོས་ཆེས་ཆེར་ལྡན་པའི་བྱེད་སྟངས་ཤིག་རེད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཀྲུང་གོའི་ཉིང་རྡུལ་སྲིད་ཇུས་ལ་སྐྱོན་འཛུགས་བྱེད་པའི་ཐད།

མའོ་ཉིང་གིས་བསྟན་དོན། རྒྱལ་ཁབ་བདུན་གྱི་ཚོགས་པས་ཀྲུང་གོའི་ཉིང་རྡུལ་སྲིད་ཇུས་ལ་སྐྱོན་འཛུགས་བྱས་པ་དེ་ནི་རྦད་དེ་རྫུན་གཏམ་སྨྲ་བ་ཞིག་རེད།