ཅང་སུའུ་བཟོ་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟོག་སྒམ་མང་པོ་ཞིག་འདྲེན་ཐག་སྟེང་བཞག་ནས་ལངས་གཟུགས་མཛོད་ཁང་གི་སྒྲོམ་སྟེགས་ཐོག་དལ་ལྷོད་རན་པོའི་ངང་དབོར་འདྲེན་བྱེད་བཞིན་ཡོད་པ་དང་། ལོགས་སུ་གྲལ་སྟར་འགྲིག་པོས་བཞག་པའི་འཕྲུལ་ཆས་དཔུང་པས་གནད་སྨིན་ཁག་བགོས་ཀྱི་བཀའ་བཀོད་སྣ་ཚོགས་ལག་བསྟར་བྱེད་བཞིན་ཡོད་པ་རེད། འདི་ནི་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་འཕྲིན་གཏོང་ཁེ་ལས་ནན་ཅིན་པིན་ཅང་རིག་ནུས་བཟོ་སྐྲུན་རྟེན་གཞིའི་ཉིན་རེའི་ལས་ཀའི་ཉིན་རྒྱུན་གྱི་བྱ་བ་ཞིག་རེད། ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲོའུ་ཅན་ཧྥེང་གིས་ང་ཚོས་རྟེན་གཞིར་5Gཡོངས་སུ་སྦྲེལ་མཐུད་བྱས་ནས་སྒྱུར་བཀོད་བྱས་པས་ཐོན་སྐྱེད་ལས་ཕྱོད་ཆེས་ཆེར་འཕར་ཡོད་ཅེས་བཤད་པ་རེད།
ནན་ཅིང་ཙི་ཅིན་ཧྲན་ཚོད་ལྟ་ཁང་གི་འབྱུང་འགྱུར་དྲ་རྒྱའི་ཞིབ་འཇུག་ལྟེ་གནས་སུ་ཚན་ཞིབ་མི་སྣ་ཚོས་བཟོ་ལས་དྲ་སྦྲེལ་ལ་ཞབས་འདེགས་ཞུ་བའི“རིག་ནུས་ཞིབ་དཔྱད་ལས་སྟེགས”ལ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། གསར་གཏོད་བྱས་ནས་ལོ་5ལས་ཕྱིན་མེད་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་གལ་ཆེན་དེ་རང་རྒྱལ་གྱི་དྲ་རྒྱའི་ཆ་འཕྲིན་མདུན་ཕྱོགས་ཀྱི་འགག་རྩའི་ལག་རྩལ་གྱི་ཚད་བརྒལ་བྱེད་མཁན་དང་པོར་གྱུར་ཡོད།
ཀྲེན་ཅང་མཐོ་གསར་ཁུལ་གྱི་གློག་འདྲེན་ཕྱེད་གཟུགས་དང་དེ་བཞིན་འཕྲིན་གཏོང་ཐོན་ལས་གླིང་དུ་ཁེ་ལས་གཉེར་སྐྱོང་བས་མ་གྲོས་གཅིག་མཐུན་ངང་སྲིད་གཞུང་གི་ཞབས་ཞུར་བསྔགས་བརྗོད་ཞུས་ཡོད།
དངོས་གཟུགས་དཔལ་འབྱོར་ནི་ཅང་སུའུ་ཡི་མ་རྩ་ཡིན་པ་དང་། བཟོ་སྐྲུན་ལས་རིགས་ནི་ཅང་སུའུ་ཡི་རྨང་གཞི་ཡིན། ཅང་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ཞུས་ཅུན་གྱིས་ཅང་སུའུ་ཡིས་བཟོ་སྐྲུན་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་བྱ་སྤྱོད་ཇུས་གཞི་བཟོ་བཞིན་ཡོད་ཅེས་བཤད་པ་རེད།