ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་དབང་པོ་སྐྱོན་ཅན་བྱ་གཞག་གོང་འཕེལ་མྱུར་པོ་འགྲོ་བཞིན་ཡོད་པ།

2023-05-22 10:35:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བར། ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། དབང་པོ་སྐྱོན་ཅན་བྱ་གཞག་ལ་ངེས་པར་དུ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། སྤྱི་ཚེས་༢༡ཉིན་ནི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལ་རོམས་རམ་བྱེད་པའི་ཉིན་མོ་ཐེངས་༣༣དེ་རེད།

ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་བརྟེན་ནས་དབང་པོ་སྐྱོན་ཅན་ཚོའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་དབང་པོ་སྐྱོན་ཅན་ཚོར་སེམས་ཁུར་བྱེད་པའི་ཞབས་ཞུར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད།
དབང་པོ་བདེ་ཐང་ཡིན་པ་ཚོས་མཚར་སྡུག་བཀྲ་བའི་མི་ཚེར་རོལ་ཆོག་ལ། དབང་པོ་སྐྱོན་ཅན་ཚོས་ཀྱང་མཚར་སྡུག་བཀྲ་བའི་མི་ཚེར་རོལ་ཆོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཐུགས་ཁུར་དང་དོ་ཁུར་གནང་ལེགས་གང་བ་དང་། སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་དང་རྒྱབ་སྐྱོར་འོག་ཏུ་དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། འདྲ་མཉམ་ཁོང་ཡངས་ཀྱི་སྤྱི་ཚོགས་རྣམ་པ་སྔར་བས་ལེགས་སུ་འགྲོ་བཞིན་ཡོད།

ལེའོ་ཉིང་ཞིང་ཆེན་དཔེ་མཛོད་ཁང་གིས་གྲངས་འཛིན་ལོང་ལམ་ཞབས་ཞུ་བཏོན་ནས། དངོས་ཁམས་ལོང་ལམ་དང་གནས་ཐིག་གཏན་འཁེལ་གྱི་ཕྱོགས་སྟོན་མ་ལག་ཟུང་འབྲེལ་བྱ་རྒྱུ་ཡིན་པ་དང་། ལག་ཐོགས་ཁ་པར་དང་རིག་ནུས་ཞབས་ཞུའི་སྒྲོམ། གནས་ཐིག་ཚོར་ཤེས་ཡོ་བྱད་སོགས་པའི་སྒྲིག་སྦྱོར་བརྒྱུད་ནས་ས་ཁོངས་ཀྱི་གནད་ལ་འཕིགས་པའི་ཕྱོགས་སྟོན་མཁོ་འདོན་བྱས་ཏེ། མིག་ཤེས་ལ་དཀའ་ངལ་ཡོད་པའི་ཀློག་པ་པོས་དཔེ་མཛོད་ཁང་དེའི་ནང་ལོང་ཡིག་ཡོད་པའི་དཔེ་དེབ་གཡར་བ་དང་གློག་ཀླད་བཀོལ་སྤྱོད་བྱེད་པ་སོགས་པ་གཞན་གྱི་རོགས་རམ་མི་དགོས་པ་དང་བདེ་འཇགས་ལྡན་པ་གནད་ལ་འཕིགས་པའི་སྒོ་ནས་སྤྱོད་ཐུབ་རྒྱུ་ཡིན་པ་རེད། ལེའོ་ཉིང་ཞིང་ཆེན་དཔེ་མཛོད་ཁང་གྱི་བལྟ་ཀློག་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུའུ་དབྱི་ཡིས། མིག་ཤེས་ལ་དཀའ་ངལ་ཡོད་པའི་ཀློག་པ་པོས་ས་ཡུལ་དངོས་སུ་ཡོང་ནས་ཉམས་ལེན་བྱེད་པ་བརྒྱུད། གྲངས་འཛིན་ལོང་ལམ་གྱིས་སླད་མུ་མཐུད་ནས་ཇུས་བཀོད་དང་བྱེད་ནུས་སྔར་བས་རིམ་སྤོར་འཐུས་ཚང་དུ་གཏོང་རྒྱུ་རེད་ཅེས་གསུངས་ཡོད།

དབང་པོ་སྐྱོན་ཅན་ཚང་མར་དྲག་སྐྱེད་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱེད་པའི་དམིགས་འབེན་མངོན་འགྱུར་གང་ལེགས་བྱེད་པའི་ཆེད་དུ། རིམ་ཁག་དབང་པོ་སྐྱོན་ཅན་ལྷན་ཚོགས་ནས་གྲོང་གསེབ་ཀྱི་ཡོང་འབབ་ཉུང་བའི་དབང་པོ་སྐྱོན་ཅན་གཙོ་བོར་བཞག་ནས་དགོས་མཁོ་ཡོད་པའི་དབང་པོ་སྐྱོན་ཅན་ཚོར་རང་འགུལ་ངང་དྲག་སྐྱེད་སྨན་བཅོས་དང་བྱེད་ནུས་སྦྱོང་བརྡར་སོགས་པའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། སྤྱི་ལོ་༢༠༢༡ལོ་ནས་༢༠༢༢ལོའི་བར། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་དྲག་སྐྱེད་ཞབས་ཞུ་ཁྱབ་ཚད་༨༥%ཡན་ལ་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད།

ཧོ་ནན་ནན་ཡང་གི་ཧྥེང་ཁྲེང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནར་མ་སོན་པའི་དབང་པོ་སྐྱོན་ཅན་ལ་གཅེས་སེམས་འབུལ་བའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ཧྥེང་ཁྲེང་དམིགས་བསལ་སློབ་གསོའི་སློབ་གྲྭར་བསྐྱོད་ནས་སློབ་གྲྭ་དེའི་སློབ་མར་རྣ་ཤེས་ཡོ་བྱད་དང་། རྐུབ་སྟེགས་འཁོར་ལོ། མིག་ཤེས་ཡོ་བྱད་སོགས་པའི་དབང་པོར་རོགས་རམ་བྱེད་པའི་ཡོ་བྱད་སྤྲད་ཡོད།

ཧྥེང་ཁྲེང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི། ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཀྲང་ཧའོ་ཡིས། ཉེ་བའི་ལོ་ཤས་ནང་། ཧྥེང་ཁྲེང་རྫོང་གིས་ཕྱོགས་མང་པོའི་ཐད་ནས་བྱིས་པ་དབང་པོ་སྐྱོན་ཅན་ཚོར་དྲག་སྐྱེད་རོགས་སྐྱོར་གྱི་དགོས་མཁོ་ཡོད་མེད་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་བ་དང་། གནད་ལ་འཕིགས་པའི་དྲག་སྐྱེད་རོགས་སྐྱོབ་བྱེད་པའི་ཞབས་ཞུར་སྐུལ་འདེད་ཏན་ཏིག་བཏང་ཡོད། ད་ལོ། ཧྥེང་ཁྲེང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱིས་པ་དབང་པོ་སྐྱོན་ཅན་༢༥༥ནན་ཡང་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་དམིགས་འཛུགས་དྲག་སྐྱེད་ལས་ཁུངས་ཁག་ལ་བསྐྱལ་བ་དང་། མིག་སྔའི་བར་དུ་བྱིས་པ་དབང་པོ་སྐྱོན་ཅན་༢༠༠༠ཙམ་ལ་དྲག་སྐྱེད་རོགས་སྐྱོབ་ཞབས་ཞུ་མཁོ་འདོན་བྱས་ཡོད།

ཉེ་བའི་ལོ་ཤས་ནང་། རྒྱལ་ཁབ་དང་འབྲེལ་ཡོད་ཚན་པས་དབང་པོ་སྐྱོན་ཅན་བསྡུར་གྲངས་ངེས་ཅན་ཐོག་ནས་ལས་ཞུགས་བྱེད་པ་དང་། ཟུར་སྐྱོར་ལས་ཞུགས། རང་བརྟེན་ལས་ཞུགས་ལས་གཏོད་སོགས་བྱེད་པའི་ཆེད་དོན་རོགས་སྐྱོར་སྲིད་ཇུས་ལ་སྐུལ་འདེད་དང་གོང་འཕེལ་གང་ལེགས་བཏང་ནས། དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་བྱེད་པའི་ཐད་རོགས་སྐྱོར་དང་སྲུང་སྐྱོབ་བྱས་ཡོད།

ཧོ་པེ་ཞིང་ཐའེ་གྲོང་ཁྱེར་ལུང་ཡའོ་རྫོང་ཀུའུ་ཁྲེང་གྲོང་རྡལ་པེ་ཤིན་ཀྲོང་གྲོང་ཚོར། ལུང་ཡའོ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཞིང་ལས་ལག་རྩལ་དགེ་རྒན་གདན་དྲངས་ནས་ཉེ་འཁོར་གྲོང་ཚོའི་དབང་པོ་སྐྱོན་ཅན་དང་ཁོང་ཚོའི་ཁྱིམ་བདག་༡༠༠ལྷག་ལ་ཞོག་ཁོག་མངར་པོ་འདེབས་འཛུགས་ཤེས་བྱ་ངོ་སྤྲོད་བྱས་ཡོད། པེ་ཤིན་ཀྲོང་གྲོང་ཚོའི་གྲོང་མི་ཝང་ཅུན་ལེའང་གིས། ངས་དེ་གར་སློབ་སྦྱོང་ཉིན་གསུམ་བྱས་པ་ཡིན། རྒན་ལགས་ཀྱིས་ཡག་པོ་སློབ་གནང་གི་འདུག ཞོག་ཁོག་མངར་མོ་འདེབས་འཛུགས་བྱེད་པའི་ལག་རྩལ་ང་རང་གིས་སྤྱིའི་ཆ་ནས་ཤེས་སོང་། ང་རང་ཕྱིར་ལོག་ནས་བསྐྱར་སྦྱོང་ཡང་ནས་བསྐྱར་དུ་བྱས་རྗེས་སྔ་ཙམ་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ལུང་ཡའོ་རྫོང་གིས་རྫོང་ཁོངས་ཐོན་ལས་ཀྱི་ཁྱད་ཆོས་དང་དབང་པོ་སྐྱོན་ཅན་ཚོའི་ལས་ཞུགས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ནས་ཟུར་སྐྱོར་རང་བཞིན་གྱི་ལས་ཞུགས་ལས་ཁུངས་༢དང་། ལས་ཞུགས་སྦྱོང་བརྡར་རྟེན་གཞི་༡བཙུགས་ཚར་ཡོད་པ་དང་། དབང་པོ་སྐྱོན་ཅན་པའི་ཁྱིམ་ཚང་ལ་རིན་པ་མེད་པར་གྲོ་ཟས་བཟོ་སྟངས་དང་། གློག་རྡུལ་ཚོང་དོན། ལག་ཤེས་ཤོག་བཟོ། ཁྱད་ལྡན་འདེབས་འཛུགས་སོགས་པའི་ལས་ཞུགས་རྩལ་ནུས་སྦྱོང་བརྡར་བྱེད་བཞིན་ཡོད། ལུང་ཡའོ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་འཛིན་ཝང་ཅང་ཧྭ་ཡིས། འདི་ལོ་ནས་བཟུང་དབང་པོ་སྐྱོན་ཅན་དང་ཁོང་ཚོའི་ནང་མི་མི་ཐེངས་༢༠༠༠ལྷག་ཙམ་ལ་གསོ་སྦྱོང་བྱས་ནས། དབང་པོ་སྐྱོན་ཅན་༥༠༠ལྷག་ཙམ་ལ་ལས་ཞུགས་བྱེད་རོགས་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།

ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སློབ་གསོ་ལས་ཞུགས་པུའི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་ཤེ་ཧུང་ཏེས། ལོ་ལྔ་ཚན་བཅུ་བཞི་པའི་རིང་དབང་པོ་སྐྱོན་ཅན་གྱི་དབུལ་སྒྲོལ་འགག་གཏོར་དང་། སློབ་གསོ། ལས་ཞུགས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། སྤྱི་ལོ་༢༠༢༢ལོའི་བར། དབང་པོ་སྐྱོན་ཅན་བདུན་འབུམ་དྲུག་ཁྲི་བདུན་སྟོང་དབུལ་པོར་འགྱུར་སླ་བའི་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སུ་བཅུག་པ་དང་། རྒྱལ་ཡོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་དགུ་འབུམ་ཆིག་ཁྲི་བརྒྱད་སྟོང་ལྔ་བརྒྱ་ཟིན་ཡོད། སྤྱི་ལོ་༢༠༢༢ལོར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ལྔ་འབུམ་དགུ་ཁྲི་ཉིས་སྟོང་གསར་དུ་ལས་ཞུགས་ཐུབ་པ་དེ་ལོ་གོང་མ་ལས་མི་ཆིག་འབུམ་བརྒྱད་ཁྲི་བཞི་སྟོང་མང་དུ་ཕྱིན་པ། སྤྱི་ལོ་༢༠༢༢ལོའི་ལོ་མཇུག་བར་དབང་པོ་སྐྱོན་ཅན་བྱེ་བ་གཅིག་དང་བཞི་འབུམ་ལྔ་ཁྲི་ལྔ་སྟོང་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་སུ་བཅུག་ཡོད་ཅེས་ངོ་སྤྲོད་གནང་ཡོད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་དབང་པོ་སྐྱོན་ཅན་བྱ་གཞག་གོང་འཕེལ་མྱུར་པོ་འགྲོ་བཞིན་ཡོད་པ།

ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སློབ་གསོ་ལས་ཞུགས་པུའི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་ཤེ་ཧུང་ཏེས། ལོ་ལྔ་ཚན་བཅུ་བཞི་པའི་རིང་དབང་པོ་སྐྱོན་ཅན་གྱི་དབུལ་སྒྲོལ་འགག་གཏོར་དང་། སློབ་གསོ། ལས་ཞུགས།