ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲའོ་ལེ་ཅིས་མ་ལེ་ཞི་ཡར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།

2023-05-22 10:08:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་གྲོས་དཔོན་ཙོ་ཧ་ལིའི་གདན་ཞུས་ལྟར་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚེས་18ནས་20ཉིན་བར་མ་ལེ་ཞི་ཡར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ་དང་། ཁྭ་ལ་ལུམ་ཕུ་དང་པུའུ་ཁྲེང་དུ་ཁག་སོ་སོར་ཆེས་མཐོའི་གཙོ་བདག་ཨ་པུའུ་ཏུའུ་ལ་དང་ཙུང་ལི་ཨན་ཝའར་དང་ཐུག་འཕྲད་གནང་བ་དང་། གྲོས་ཚོགས་སྨད་པའི་གྲོས་དཔོན་ཙོ་ཧ་ལི་དང་གྲོས་མོལ་གནང་ཡོད།
ཨ་པུའུ་ཏུའུ་ལ་དང་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅིས་དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། ཀྲའོ་ལེ་ཅིས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་མའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་དངོས་གཉེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འདི་ལོ་ནི་ཀྲུང་མའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བ་དང་སང་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་བསུ་བ་ཞུ་རྒྱུ་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་ལ་ཆུ་ཚད་མཐོ་པོས་ཀྲུང་མའི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་ནས། ལོ་ངོ་སྟོང་རིང་རྒྱུན་འཛིན་བྱེད་པའི་མཛའ་གྲོགས་མུ་མཐུད་དར་རྒྱས་གོང་འཕེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཨ་པུའུ་ཏུའུ་ལས་ཀྲའོ་ལེ་ཅི་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་ཡོད།

ཁོང་གིས། མིག་སྔར་མ་ཀྲུང་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་པས་ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྲོད་ནས་ནུས་པ་བསྡུ་ལེན་བྱས་ཏེ་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་རིག་གནས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་50རྗེས་མའི་ནང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཨན་ཝར་དང་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་སྐུ་ཞབས་ཀྱིས་ཀྲུང་མའི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ནས། ཀྲུང་མའི་འབྲེལ་བའི་ལེའུ་གསར་པའི་འགོ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བརྩེ་སེམས་དང་། ལྷག་བསམ། གཉིས་ཕན། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་། ཁྱིམ་མཚེས་དང་མཛའ་མཐུན། ཁྱིམ་མཚེས་རོགས་ཟླར་འཛིན་པའི་མཐའ་འཁོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་རྒྱུ་ཡིན་ལ། མ་ལེ་ཞི་ཡ་སོགས་མཐའ་འཁོར་རྒྱལ་ཁབ་དང་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཨན་ཝར་གྱིས། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་མ་ཀྲུང་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་འདོད་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་འཇིགས་སྐུལ་དང་། རྒྱ་བསྐྱེད། མི་སེར་སྤེལ་བ་བཅས་ཀྱི་ལོ་རྒྱུས་མེད། མ་ཀྲུང་དབར་གྱི་མཛའ་གྲོགས་ནི་ཕན་ཚུན་བསམ་ཤེས་དང་། བརྩི་འཇོག ཡིད་ཆེས་བཅས་ལ་བརྟེན་གྱི་ཡོད། མ་ལེ་ཞི་ཡི་ཕྱོགས་ཀྱིས་ཀྲུང་གོ་ཡིད་རྟོན་རུང་བའི་གྲོགས་པོ་བཟང་པོར་བརྩི་ཡི་ཡོད་ལ། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

ཙོ་ཧ་ལི་དང་གྲོས་མོལ་གནང་སྐབས། ཀྲའོ་ལེ་ཅིས་ཀྲུང་མ་ནི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་བཟང་པོ། གཅེན་གཅུང་ཡག་པོ་བཅས་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་མ་ལེ་ཞི་ཡའི་རྒྱལ་ཚོགས་དང་བང་རིམ་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་འགན་ལེན་ཡག་པོ་ཞིག་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཙོ་ཧ་ལིས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོས་མི་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
 ཀྲའོ་ལེ་ཅིས་མ་ལེ་ཞི་ཡའི་ཕྱོགས་ལ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཡོད། མ་ལེ་ཞི་ཡའི་ཕྱོགས་ནས། ཨེ་ཤེ་ཡའི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། མ་ལེ་ཞི་ཡས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་དགའ་སྤྲོ་དང་སྤོབས་སེམས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་ས་ཁུལ་དང་འཛམ་གླིང་ཡོངས་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་གསུངས་འདུག

མ་ལེ་ཞི་ཡར་འཚམས་འདྲི་གནང་རིང་།  ཀྲའོ་ལེ་ཅིས་ཧྭ་ཝུའེ་ཀུང་སིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་པུའུ་ལ་གཟིགས་ཞིབ་གནང་ནས། ཁེ་ལས་ཀྱི་ལས་བཟོ་པས་འབད་འཐབ་སྙིང་སྟོབས་དར་སྤེལ་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་གནང་ཡོད། མ་ལིའུ་ཅ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཨ་ཏུའུ་ལ་ཝུའུ་དང་ཐུག་འཕྲད་གནང་སྐབས། ཀྲུང་མའི་ས་གནས་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་འདོད་ཡོད་ལུགས་གསུངས་གནང་ཡོད། ཀྲེང་ཧོ་རིག་གནས་ཁང་ལ་གཟིགས་སྐོར་གནང་ནས། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དང་མི་དམངས་དབར་ཕན་ཚུན་རྒྱུས་ལོན་དང་མཛའ་ཤེས་ཟབ་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཀྲའོ་ལེ་ཅིས་མ་ལེ་ཞི་ཡར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།

མ་ལེ་ཞི་ཡར་འཚམས་འདྲི་གནང་རིང་།  ཀྲའོ་ལེ་ཅིས་ཧྭ་ཝུའེ་ཀུང་སིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་པུའུ་ལ་གཟིགས་ཞིབ་གནང་ནས། ཁེ་ལས་ཀྱི་ལས་བཟོ་པས་འབད་འཐབ་སྙིང་སྟོབས་དར་སྤེལ་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་གནང་ཡོད།