ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འདི་ནི་ཡ་མཚན་རུང་བའི་དོན་དག་གསར་པ་ཞིག་མ་རེད།

2023-05-22 09:27:00     责编:娜科

   ཟླ་5ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། དགེ་སྒྲུབ་སྒྲིག་གཞི་ལེ་ཧྲེ་ཚོགས་པས་ཚོད་དཔག་བྱས་པར་གཞིགས་ན། རྒྱལ་ཁབ་བདུན་གྱི་ཚོགས་པ་(G7)ལས་གྲུབ་པའི་ཕྱུག་འགྱུར་རྒྱལ་ཁབ་བདུན་གྱིས་ལྷོ་ཕྱོགས་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་རོགས་སྐྱོར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱབ་སྐྱོར་ཨ་སྒོར་དུང་ཕྱུར་ཁྲི་13ཙམ་སྤྲོད་འགྱངས་བྱས་པ་རེད། G7རྒྱལ་ཁབ་ཀྱིས་རོགས་སྐྱོར་ཁས་ལེན་དོན་ཐོག་ཏུ་འཁྱོལ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ལྷོ་ཕྱོགས་རྒྱལ་ཁབ་ལ་2028ལོའི་གོང་ཉིན་ལྟར་བུ་ལོན་ཨ་སྒོར་དུང་ཕྱུར་2.32འཇལ་སྤྲོད་དགོས་པའི་རེ་བ་བཏོན་འདུག་ཅེས་རྩ་འཛུགས་དེས་སྐྱོན་བརྗོད་བྱས་པར། མགྲིན་ཚབ་པར་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 

   དེའི་ཐད་ཝང་ཝུན་པིན་གྱིས། G7རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་བཤད་ཆུ་ཡི་ལྦུ་བའི་གཟིགས་སྐྱོང་བྱས་པ་ནི་ཡ་མཚན་རུང་བའི་དོན་དག་གསར་པ་ཞིག་མ་རེད། ཨ་རིས་གཙོས་པའི་རྒྱལ་ཁབ་དེ་དག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གྱི་འཕེལ་རྒྱས་དོན་དུ་ལེགས་སྐྱེས་འབུལ་དགོས་པ་ལས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁ་གཡར་བྱས་ཏེ། ཁོང་ཚོར་རི་མོའི་བ་ལས་འོ་མ་བཞོ་རུ་འཇུག་རྐྱང་བྱེད་མི་རུང་ཞེས་བཤད། 

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འདི་ནི་ཡ་མཚན་རུང་བའི་དོན་དག་གསར་པ་ཞིག་མ་རེད།

དེའི་ཐད་ཝང་ཝུན་པིན་གྱིས། G7རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་བཤད་ཆུ་ཡི་ལྦུ་བའི་གཟིགས་སྐྱོང་བྱས་པ་ནི་ཡ་མཚན་རུང་བའི་དོན་དག་གསར་པ་ཞིག་མ་རེད།