ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

“གསར་འགྱུར་སྙན་སྒྲོན་པ་”རྫུན་མ་ཁྲི་10ལྷག་གི་ཐོ་ཨང་གཙང་བཤེར་བྱས།

2023-05-22 09:25:00     责编:娜科

   ཉེ་ཆར། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་“དྭངས་གསལ· གཙོ་གནད་བཞུར་ཚད་ལྷུ་ཚིགས་ཀྱི་དྲ་རྒྱའི་བརྒྱུད་བསྒྲགས་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་”ཆེད་དོན་བྱ་སྤྱོད་སྤེལ་ནས། བརྙན་ཐུང་ལས་སྟེགས་དང་གླེང་ཆ་དོད་ཤོས་སོགས་གཙོ་གནད་བཞུར་ཚད་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། སྒྲིག་འགལ་ངང་བཅར་འདྲི་རྩོམ་སྒྲིག་དང་། སྒྲིག་འགལ་ངང་རྒྱུད་སྤེལ། གསར་འགྱུར་རྫུན་བཟོ་སོགས་བྱེད་པའི་དྲ་རྒྱའི་བརྒྱུད་བསྒྲགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཆ་འཕྲིན་རིགས་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ། “གསར་འགྱུར་སྙན་སྒྲོན་པ་”རྫུན་མ་སོགས་སྒྲིག་འགལ་གྱི་ཐོ་ཨང་ལ་གྲལ་བཤེར་དང་ཐག་གཅོད་བྱས་པ་རེད། ཟླ་4ཚེས་6ཉིན་ནས་བཟུང་། དྲ་ཚིགས་ལས་སྟེགས་ཁག་གིས་རྫུན་བཟོ་བྱས་པའི་གསར་འགྱུར་ཚན་པ་དང་། “གསར་འགྱུར་སྙན་སྒྲོན་པའི་”ཐོ་ཨང་ཁྲི་10.7གཅིག་སྡུད་ཐོག་གཙང་བཤེར་བྱས་པ་དང་། གསར་འགྱུར་ཆ་འཕྲིན་རྫུན་མ་ཁྲི་83.5གཙང་བཤེར་བྱས་པ་རེད། 

   དུས་ཡུན་ངེས་ཅན་ཞིག་གི་རིང་། དྲ་རྒྱའི་བརྒྱུད་བསྒྲགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད་པ་དང་། འགའ་རེས་གསར་འགྱུར་འཁྲབ་གཏོང་ཁང་གི་རྣམ་པ་རྫུན་བཟོ་དང་། ཆེད་ལས་སྙན་སྒྲོན་པས་གསར་འགྱུར་བཤད་པར་ལད་ཟློས། AIཡི་རྟོག་བཟོའི་སྙན་སྒྲོན་པ་གང་བྱུང་དུ་སྤྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། དབང་གྲགས་ལྡན་པའི་གསར་འགྱུར་སྨྱན་སྦྱོར་ལ་རྫུན་བཟོ་བྱས་ནས་སྤྱི་དམངས་ལོག་ལམ་དུ་ཁྲིད་ཀྱི་ཡོད། དྲས་སྦྱར་དང་བསྡུ་རུབ་སོགས་ཀྱི་བྱེད་ཐབས་ཐོག་ནས་སྤྱི་ཚོགས་དང་འབྲེལ་བའི་གྱོད་གཞིའི་དོན་རྐྱེན་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་དུས་བབ་སོགས་གླེང་མང་བའི་གྲོས་གཞིར་འབྲེལ་ཡོད་གསར་འགྱུར་རྫུན་བཟོ་བྱས་ནས། དྲ་དམངས་ཀྱི་བློ་ཁ་འགུག་པ་དང་བཞུར་ཚད་མང་དུ་གཏོང་བཞིན་པའི་སྣང་ཚུལ་ལ་རྒྱ་ཆེའི་དྲ་དམངས་ཀྱིས་མི་དགའ་བའི་རྣམ་འགྱུར་དྲག་པོ་སྟོན་བཞིན་ཡོད་པ་རེད། འབུར་ཐོན་གྱི་གནད་དོན་དེར་དམིགས་ནས། དྲ་ཚིགས་ལས་སྟེགས་ཁག་གིས་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། “དམངས་ཞུགས་ཉིན་རེའི་ཚགས་པར་”དང་། “ཀྲུང་དབྱང་རླུང་འཕྲིན་གསར་འགྱུར་TB”སོགས་རྫུན་བཟོའི་གསར་འགྱུར་ཚན་པའི་ཐོ་ཨང་ཁག་ཅིག་དང་། “ག་གེ་མོས་ཆ་འཕྲིན་བཤད་པ་” དང་།  “ག་གེ་མོས་གནམ་འོག་བཤད་པ་”སོགས་རྫུན་བཟོའི “གསར་འགྱུར་སྙན་སྒྲོན་པའི་”ཐོ་ཨང་ཁག་ཅིག “དབུས་ཤར་དམག་འཁྲུག་ཐེངས་དྲུག་པ་ལངས་པ་”སོགས་ཀྱི་དཔེ་མཚོན་གསར་འགྱུར་ཆ་འཕྲིན་རྫུན་མ་སྐོར་ཞིག་གཅིག་སྡུད་ཐོག་ཐག་གཅོད་བྱས་ཤིང་། དྲ་ཚིགས་ཁག་གི་ལས་སྟེགས་ཐོག་དཔེ་མཚོན་གྱི་སྒྲིག་འགལ་ཐོ་ཨང་དང་སྒྲིག་འགལ་བྱེད་སྤྱོད་དམར་རྗེན་དུ་བཏོན་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བྱ་སྤྱོད་སྤེལ་རིང་། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚིགས་ཁག་གི་ལས་སྟེགས་ལ་ཆེད་དོན་བྱ་སྤྱོད་ཀྱི་སྤྱི་བསྒྲགས་སྤེལ་བ་དང་། སྒྲིག་འགལ་གྱི་ཐོ་ཨང་རིམ་སྤོར་ངང་ཡོངས་བསྒྲགས་བྱེད་པ། ཐེར་འདོན་ཆེད་ཁུལ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དྲ་རྒྱའི་ནང་དོན་ཐོན་སྐྱེད་བྱེད་མཁན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་བྱ་རྒྱུར་མུ་མཐུད་སྐུལ་འདེད་དང་དྲན་སྐུལ་བྱ་རྒྱུ་རེད། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས། “དྭངས་གསལ· གཙོ་གནད་ཀྱི་བཞུར་ཚད་ལྷུ་ཚིགས་ཀྱི་དྲ་རྒྱའི་བརྒྱུད་བསྒྲགས་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་”ཆེད་དོན་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས། དྲ་ཚིགས་ཀྱི་ལས་སྟེགས་ལ་ཕུགས་ཕན་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། རྒྱ་ཆེའི་དྲ་དམངས་ལ་དབང་གྲགས་ལྡན་པའི་གསར་འགྱུར་ཆ་འཕྲིན་ངོ་མ་ཐོབ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་རེད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

“གསར་འགྱུར་སྙན་སྒྲོན་པ་”རྫུན་མ་ཁྲི་10ལྷག་གི་ཐོ་ཨང་གཙང་བཤེར་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བྱ་སྤྱོད་སྤེལ་རིང་། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་ཚིགས་ཁག་གི་ལས་སྟེགས་ལ་ཆེད་དོན་བྱ་སྤྱོད་ཀྱི་སྤྱི་བསྒྲགས་སྤེལ་བ་དང་། སྒྲིག་འགལ་གྱི་ཐོ་ཨང་རིམ་སྤོར་ངང་ཡོངས་བསྒྲགས་བྱེད་པ།