ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ནུབ་ཕྱོགས་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མུ་འབྲེལ་སྐྱེན་འདྲེན་བྱེད་ཚད་ཐེངས་གྲངས་ཉིས་ཁྲི་ལྔ་སྟོང་ལས་བརྒལ་བ།

2023-03-25 11:17:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༣ཉིན་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མུ་འབྲེལ་སྐྱེལ་འདྲེན་བྱེད་ཚད་དེ་ཐེངས་ཉིས་ཁྲི་ལྔ་སྟོང་ལས་བརྒལ་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་ལྕགས་ལམ་དང་མཚོ་ཐོག་མུ་འབྲེལ་སྐྱེལ་འདྲེན་བྱེད་ཐེངས་ཐོག་མ་ཡང་སྤྱི་ཚེས་༢༢ཉིན་འགོ་ཚུགས་ཡོད། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པས་བགྲོད་ལམ་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་དང་ས་ཁོངས་གསར་སྤེལ་སྒོ་དབྱེར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད་པས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

པར་ཙིར་གྱི་ཤོག་སྐྱོ་དང་ཕ་ཁི་སི་ཐན་གྱི་ཏི་ཚའི་སྤུས་ལེགས་གཏེར་ཁ་སོགས་ཕྱི་ཕྱོགས་ཉོ་ཚོང་གི་ནང་འདྲེན་དངོས་ཟོག་གིས་ཁེངས་པའི་དོས་སྒམ་༧༤སྤྱི་ཚེས་༢༣ཉིན་ནུབ་རྒྱུད་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མུ་འབྲེལ་སྐྱེལ་འདྲེན་ཐོག་ནས་ཀོང་ཞི་ཆིན་ཀྲོའུ་ལྕགས་ལམ་དོས་སྒམ་ལྟེ་བའི་ས་ཚིགས་ནས་སི་ཁྲོན་ཁྲེང་ཤང་འབབ་ཚུགས་སུ་བཏང་ཡོད། དེ་དོན་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མུ་འབྲེལ་སྐྱེལ་འདྲེན་བྱེད་ཚད་ཐེངས་ཉིས་ཁྲི་ལྔ་སྟོང་ཟིན་ཡོད། བྱང་རྒྱུད་མཚོ་ཁུག་མུ་འབྲེལ་སྐྱེལ་འདྲེན་ཀུང་སིའི་གཉེར་སྐྱོང་པུའི་འཆར་འགོད་པ་ཀྲོའུ་ཝུའེ་ཡིས་ནུབ་རྒྱུད་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པ་དེ་གཙང་པོ་དང་རྒྱ་མཚོར་ཤར་གཏོང་ཐུབ་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལྡན་གྱི་དཔལ་འབྱོར་བགྲོད་ལམ་ཆེན་པོ་ཞིག་ཏུ་གྱུར་ཡོད། སླད་ཕྱིན་བྱང་རྒྱུད་མཚོ་ཁུག་ཚོགས་པས་ལམ་རྒྱུད་ཀྱི་ལས་སྟེགས་དང་ལྕགས་ལམ་སོགས་སྡེ་ཚན་དང་མཉམ་ལས་བྱེད་ཤུགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་། གྲོན་ཆུང་དང་། ལས་ཆོད་ཆེ་བ། སྟབས་བདེ། གནོད་མེད། བདེ་འཇགས་བཅས་ཀྱི་རྒྱལ་ཁབ་རིམ་པའི་བགྲོད་ལམ་ཆེན་པོ་མགྱོགས་མྱུར་བསྐྲུན་རྒྱུ་རེད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ནུབ་ཕྱོགས་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མུ་འབྲེལ་སྐྱེན་འདྲེན་བྱེད་ཚད་ཐེངས་གྲངས་ཉིས་ཁྲི་ལྔ་སྟོང་ལས་བརྒལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༣ཉིན་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མུ་འབྲེལ་སྐྱེལ་འདྲེན་བྱེད་ཚད་དེ་ཐེངས་ཉིས་ཁྲི་ལྔ་སྟོང་ལས་བརྒལ་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་ལྕགས་ལ