ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་ཆུ་བེད་ལས་གྲྭའི་ཆུ་མཁོ་འདོན་ནུས་པ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་8900ལས་བརྒལ་བ།

2023-03-23 09:29:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་3ཚེས་22ཉིན་ནི་སྐབས་སོ་གཅིག་པའི“འཛམ་གླིང་ཆུའི་ཉིན་མོ”ཡིན་པས། “འཛམ་གླིང་ཆུའི་ཉིན་མོར”དྲན་གསོ་ཞུ་ཆེད། རང་རྒྱལ་གྱིས“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་བརྗོད་བྱ་གཙོ་བོ་“ཁྲིམས་ལྟར་ཆུ་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་མ་ཡུམ་ཆུ་བོར་སྲུང་སྐྱོང་བྱེད་དགོས”ཞེས་པ་དེར་གཏན་འཁེལ་བྱས་ཡོད། མིག་སྔར། རང་རྒྱལ་གྱི་ཆུའི་འབྱུང་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ཆུ་བེད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་ཆུའི་འབྱུང་ཁམས་སྲུང་སྐྱོང་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། ཕྱོགས་ཡོངས་ནས་གཙང་པོ་དང་མཚེའུ་ཡི་ཆུ་དཔོན་ལམ་ལུགས་ཁྱབ་གདལ་བཏང་ཚུན་རིམ་རྩིས་བྱས་ན་འབྲི་ཆུའི་ཆུ་ངོགས་སྤྱི་ལེ་162རིང་དུ་བཏང་བ་དང་། སྔོ་ཁེབས་སྨི་ངོས་གྲུ་ཁྲི་1200ལྷག་ཙམ་སླར་གསོ་བྱས་པས་འབྲི་ཆུའི་འབྱུང་ཁམས་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད།

རྨ་ཆུ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དང་འབྲེལ་བ་ཡོད་པའི་ཡུན་རིང་གི་ཇུས་ཆེན་ཞིག་ཡིན། ཟླ་4ཚེས་1ཉིན《རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས》ལག་ལེན་བསྟར་གྲབས་ཡོད་པས་རྨ་ཆུ་སྲུང་སྐྱོང་བྱེད་པར་གཞི་འཛིན་སའི་ཁྲིམས་ཡོད་པ་རེད།
གཙང་ཆུ་སྔོན་མོ་བྱང་ཕྱོགས་སུ་ཡུན་རིང་འདྲེན་ཐུབ་པའི་ཆེད། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་ཁུངས་སྲུང་སྐྱོང་ལྟེ་བའི་ཁུལ་གནས་སའི་ཧུའུ་པེ་ཞིང་ཆེན་ཡུན་ཤིས་རྫོང་གིས་རྫོང་དེ་ཡོངས་ཀྱི་གཙོ་གནད་ཆུ་ཁོངས་དང་ཚོར་བ་སྐྱེན་པའི་ཆུ་ཁོངས་ལ་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བྱས་པ་དང་། མིག་སྔར་ས་ཁོངས་དེ་ཡོངས་ཀྱི་ས་ངོས་ཀྱི་ཆུའི་ལྟ་ཞིབ་ཚད་ལེན་གྱི་ཆད་ངོས་37གྱི་ཆུ་སྤུས་ལོན་ཚད་100%ཟིན་ཡོད་པ་རེད།

ཆུ་བེད་ལས་གྲྭ་ཟམ་མི་ཆད་པར་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཀྱང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། འདས་ཟིན་པའི་ལོ་གཅིག་ནང་། རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་10893བཏང་བ་དེ་2021ལོ་ལས་43.8%འཕར་བ་དང་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་ཁྲི་ཡན་གྱི་སྐས་རིམ་གསར་པར་སླེབས་ཡོད། རྒྱལ་ཡོངས་ཀྱི་ཆུ་བེད་ལས་གྲྭའི་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་8900ལས་བརྒལ་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་། འབྲུ་རིགས་བདེ་འཇགས། འབྱུང་ཁམས་བདེ་འཇགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཐུང་ཆུ་བདེ་འཇགས་བཅས་འགན་ལེན་ནུས་ལྡན་ཐུབ་ཡོད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་ཆུ་བེད་ལས་གྲྭའི་ཆུ་མཁོ་འདོན་ནུས་པ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་8900ལས་བརྒལ་བ།

རྨ་ཆུ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དང་འབྲེལ་བ་ཡོད་པའི་ཡུན་རིང་གི་ཇུས་ཆེན་ཞིག་ཡིན། ཟླ་4ཚེས་1ཉིན《རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས》ལག་ལེན་བསྟར་གྲབས་ཡོད་པས་རྨ་ཆུ་སྲུང་སྐྱོང་བྱེད་པར་གཞི་འཛིན་སའི་ཁྲིམས་ཡོད་པ་རེད།