ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་2022ལོའི་དཔལ་འབྱོར་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་13ལྷག་ཙམ་ཟིན་པ།

2023-03-23 09:28:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཡུའེ་ཀང་ཨའོ་བསྡོམས་རྩིས་སྡེ་ཚན་གྱིས་ཉིན་ཤས་གོང་2022ལོའི་དཔལ་འབྱོར་གྲངས་་གཞི་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ཡོད། གྲངས་གཞི་ལས་མངོན་པར། 2022ལོར་ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་13ལས་བརྒལ་བ་དང་། ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། རྒྱལ་སྤྱིའི་རྩེར་སོན་གྱི་མཚོ་ཁུག་ཁུལ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་སྐྲུན་པའི་སྔོན་གཏན་འཁེལ་བའི་དམིགས་ཚད་ཀྱི་ཕྱོགས་སུ་མགྱོགས་མྱུར་མདུན་སྐྱོད་བྱས་པ་རེད།

《ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》པར་འགྲེམས་བྱས་ནས་ལོ་4ལྷག་ཙམ་སོང་རིང་ལྗིག་ཏིག་ཏིག་གི་སྦྱངས་འབྲས་ཐོབ་ཡོད། ཀོང་ཏུང་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2022ལོར་ཁུག་པ་ཆེ་མོའི་ཁུལ་གྱི་ནང་སའི་གྲོང་ཁྱེར་9ཡི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་104681ཟིན་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བསྡོམས་རྩིས་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཤང་ཀང་དུ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཤང་ཀང་གི་སྒོར་མོ་དུང་ཕྱུར་28270ཟིན་པ་དེ་2022ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལ་ཕབ་ན་མི་དམངས་ཤོག་སྒོར་དུང་ཕྱུར་24280ཟིན་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཨའོ་མོན་གྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡོམས་འབོར་ཨའོ་མོན་གྱི་སྒོར་མོ་དུང་ཕྱུར་1773ཟིན་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1470ཙམ་ཟིན་ཡོད་པ་རེད། དེར་བརྟེན། ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་13ལས་བརྒལ་བ་རེད།

ཀྲུང་ཧྲན་སློབ་ཆེན་ས་ཁོངས་སྒོ་དབྱེ་དང་མཉམ་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་མའོ་ཡན་ཧྭ་ཡིས་འདི་ལྟ་བུའི་འཕར་ཚད་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དུ་ཡང་སྐྱེ་བོ་ཀུན་ཧང་སངས་དགོས་པ་ཞིག་རེད་ཅེས་གསུངས།
ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་གོ་ལ་ཧྲིལ་པོའི་ཚོང་འགུགས་ཚོགས་ཆེན་གསར་ཤོས་ཀྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་གྱི་སྤུས་ལེགས་ཁེ་ལས་བརྒྱ་ཕྲག་ཁ་ཤས་ཀྱི་ཡིད་དབང་བཀུག་ནས་ས་གནས་ས་ཐོག་ཏུ་མཉམ་ལས་རྣམ་གྲངས་853བཞག་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.5ཟིན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་2022ལོའི་དཔལ་འབྱོར་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་13ལྷག་ཙམ་ཟིན་པ།

ཀྲུང་ཧྲན་སློབ་ཆེན་ས་ཁོངས་སྒོ་དབྱེ་དང་མཉམ་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་མའོ་ཡན་ཧྭ་ཡིས་འདི་ལྟ་བུའི་འཕར་ཚད་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དུ་ཡང་སྐྱེ་བོ་ཀུན་ཧང་སངས་དགོས་པ་ཞིག་རེད་ཅེས་གསུངས།