ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འཛམ་གླིང་ཆུའི་ཉིན་མོར་རང་རྒྱལ་གྱིས་ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ།

2023-03-22 10:36:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་3ཚེས་22ཉིན་ནི་སྐབས་སུམ་ཅུ་སོ་གཅིག་པའི་འཛམ་གླིང་ཆུའི་ཉིན་མོ་རེད། སྤྱི་ཚེས་22ཉིན་ནས་28ཉིན་བར་ནི་སྐབས་སུམ་ཅུ་སོ་དྲུག་པའི་ཀྲུང་གོའི་ཆུའི་གཟའ་འཁོར་ཡིན། ཉེ་བའི་ལོ་ཤས་ནང་། རང་རྒྱལ་གྱི་ཁྲིམས་ལྟར་ཆུ་བཅོས་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཆུ་བེད་ཁྲིམས་འཛུགས་དང་ཆུའི་སྲིད་འཛིན་ཁྲིམས་བསྟར་ལས་དོན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།

རང་རྒྱལ་གྱི་ད་ལོའི་སྤྱི་ལོ་2023ལོའི་འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་ཞེས་པའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་ཁྲིམས་ལྟར་ཆུ་བཅོས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། ལག་གདང་སྦྲེལ་ནས་མ་ཡུམ་ཆུ་བོར་མཉམ་དུ་སྲུང་སྐྱོབ་བྱེད་ཅེས་པ་དེ་ཡིན། ཆུ་བེད་པུའི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པ་ཁྲེན་ཏུང་མིང་གིས། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དེ་སྤྱི་ལོ་2021ལོའི་ཟླ་བ་3པའི་ཚེས་1ཉིན་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དེ་ད་ལོའི་སྤྱི་ཟླ་4པའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ། འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་བྱེད་སྒོས་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

འཛམ་གླིང་ཆུའི་ཉིན་མོར་རང་རྒྱལ་གྱིས་ཁྲིམས་ལྟར་ཆུ་བཅོས་སྐྱོང་དང་མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ།

རང་རྒྱལ་གྱི་ད་ལོའི་སྤྱི་ལོ་2023ལོའི་འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་ཞེས་པའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་ཁྲིམས་ལྟར་ཆུ་བཅོས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། ལག་གདང་སྦྲེལ་ནས་མ་ཡུམ་ཆུ་བོར་མཉམ་དུ་སྲུང་སྐྱོབ་བྱེད་ཅེས་པ་དེ་ཡིན།