ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཞི་ཡིས་ཧུའུ་པེར་བརྟག་དཔྱད་ཞིབ་འཇུག་གནང་བ།

2023-03-22 10:35:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་སྤྱི་ཚེས་19ཉིན་ནས་ཚེས་21ཉིན་བར་ཧུའུ་པེར་བརྟག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་“བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” ཐུབ་པ་བཅས་བྱས་ཐོག ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་སྟབས་བརྟན་པོ་སྤོ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ལི་ཞི་ཝུའུ་ཧན་གྲོང་ཁྱེར་དུ་གནས་པའི་ཀྲུང་གུང་ཚོགས་ཆེན་ལྔ་པའི་ཚོགས་གནས་དྲན་གསོ་ཁང་དང་། བརྒྱད་བདུན་གྲོས་ཚོགས་ཚོགས་ཡུལ་གྱི་དྲན་གསོ་ཁང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལོ་རྒྱུས་བཤམས་སྟོན་ཁང་བཅས་སུ་ཕེབས་ནས། གསར་བརྗེའི་སྔོན་བྱོན་པ་ཚོའི་བླ་ན་མེད་པའི་ཉམས་འགྱུར་ལ་དྲན་གསོ་དང་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ལྔ་པའི་ཐོག་ཀྲུང་དབྱང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཐེངས་དང་པོ་བཙུགས་ཡོད་ཅིང་། དེའི་ཐོག་མའི་བསམ་འདུན་ནི“ཏང་གི་གཅིག་མཐུན་དང་དབང་གྲགས་བརྟན་དུ་གཏོང་རྒྱུ”དེ་ཡིན་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རུས་པའི་གཏིང་གི་གཞི་རྒྱུ་དང་ཁྲག་རྩ་ལྟ་བུ་ཞིག་རེད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་གྱིས“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཐོག ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་དགོས་ཞེས་གསུངས་གནང་ཡོད།
ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་དང་ཨེ་ཀྲོའུ་གྲོང་ཁྱེར་ཨེ་ཁྲེང་ཆུས་ཏུང་ཧྲན་གྲོང་ཚོར། ལི་ཞི་ཡིས་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད། ཁོང་གིས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་པའི་ཐད་ལྟ་སྐུལ་འགན་ལེན་བྱེད་དགོས་ཤིང་། གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཝུའུ་ཁྲང་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིར། ལི་ཞི་ཡིས། གཞུང་ཁོངས་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ལི་ཞི་ད་དུང་ཝུའུ་ཧན་སློབ་ཆེན་དུ་མཐོ་སློབ་ཀྱི་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་དང་། ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་སློབ་གྲྭ་སྐྱོང་བའི་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུ་དང་སྐོར་གཟིགས་དག་ཐེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་འབྲེལ། འབྲེལ་ཡོད་ཞིབ་འཇུག་བྱ་གཞིའི་ཐད་རིགས་གཅིག་མཁས་པ་དང་མཁས་དབང་ལྷན་དུ་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

བརྟག་ཞིབ་གནང་རིང་། ལི་ཞི་ཡིས་ཧུའུ་པེ་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། ཞིང་ཨུད་སྐོར་གཟིགས་གཞུང་དོན་ཁང་། ཨེ་ཀྲོའུ་གྲོང་ཁྱེར་ཧྭ་རུང་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་བཅས་སུ་ཕེབས་ནས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། ཞིང་ཆེན་དང་གྲོང་ཁྱེར་གྱི་སྒྲིག་ཨུད་ཧྲུའུ་ཅི་ཁག་གཅིག་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ལི་ཞི་ཡིས་ཧུའུ་པེར་བརྟག་དཔྱད་ཞིབ་འཇུག་གནང་བ།

ལི་ཞི་ཝུའུ་ཧན་གྲོང་ཁྱེར་དུ་གནས་པའི་ཀྲུང་གུང་ཚོགས་ཆེན་ལྔ་པའི་ཚོགས་གནས་དྲན་གསོ་ཁང་དང་། བརྒྱད་བདུན་གྲོས་ཚོགས་ཚོགས་ཡུལ་གྱི་དྲན་གསོ་ཁང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལོ་རྒྱུས་བཤམས་སྟོན་ཁང་བཅས་སུ་ཕེབས་ནས།