ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གོའི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱིས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ།གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་གནས་བབ་ལོ་མང་རྒྱུན་འཁྱོངས་ཐུབ་པ།

2023-03-21 09:22:00     责编:娜科

འདི་ག་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་དང་པོ་དང་གཉིས་པར། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱིས་མངགས་ཐོ་གསར་པ་དང་ལེན་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོབ་སྐལ་གྱི་62%བཟུང་ཡོད། 2022ལོ་བར་སླེབས་དུས། ལོ་13བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད། ཁྲོམ་རའི་ཐོབ་སྐལ་ཟམ་མི་ཆད་པར་མང་དུ་བཏང་བ་དང་ཆབས་ཅིག ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་བཏང་བ་བརྒྱུད། ལག་རྩལ་མཐོ་བའི་གྲུ་གཟིངས་འབོར་ཆེན་ཞིག་ནི་ཀྲུང་གོའི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་སྤུས་མཐོའི་གོང་འཕེལ་འགྲོ་བའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད།

ཧྲང་ཧའེ་རུ་། ཀྲུང་གོའི་གྲུ་གཟིངས་ཀྱི་ཝའེ་ཀའོ་ཆའོ་གྲུ་གཟིངས་ཀུང་སིའི་ཨེ་ཤེ་ཡའི་གྲུ་འཇོག་ཁུལ་ཆེ་ཤོས་ནང་། རང་རྒྱལ་གྱིས་བཟོས་པའི་གྲུ་གཟིངས་ཆེ་གྲས་ཐོག་མ་དེ་བསྐྲུན་མཇུག་འགྲིལ་ཉེར་ཡོད། དེའི་འཛུགས་སྐྲུན་དཀའ་ཚེགས་ཤིན་ཏུ་ཆེ་བའི་དབང་གིས་གྲུ་གཟིངས་ཆེ་གྲས་དེར་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཁྲོད་ཀྱི་རྒྱལ་པོའི་ཅོད་པན་སྟེང་གི་མུ་ཏིག་ལྟ་བུར་དཔེ་བཞག་ཅིང་། དེས་རྒྱལ་ཁབ་ཅིག་གི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་བསྡུས་ནུས་པ་མངོན་གྱི་ཡོད།
གྲུ་གཟིངས་ཆེན་པོ་ཙམ་གྱིས་མ་ཚད་པར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱིས་ལག་རྩལ་མཐོ་བའི་གྲུ་གཟིངས་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་ཐད་ཚད་བརྒལ་གསར་པ་བྱུང་ནས། གོ་ལ་ཧྲིལ་པོའི་ཆེ་ཤོས་ཀྱི་གཤོངས་ཚད་ཁྲི་2.4ཅན་གྱི་དོས་སྒམ་ཆེན་པོ་བདེ་བླག་ངང་རྩིས་སྤྲོད་བྱས་པ་དང་། གོ་ལ་ཧྲིལ་པོའི་ཏུན་ཁྲི་10རིམ་པའི་རིག་ལྡན་ཉ་ལས་གསོ་ཚགས་གྲུ་གཟིངས་ཆེ་གྲས་དང་པོ་དང་གོ་ལ་ཧྲིལ་པོའི་རིམ་པ་བཞི་པའི་རང་འགུལ་འདེགས་འབེབས་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་ཐོག་མ་དེ་བསྐྲུན་ཡོད་པ་རེད། ན་ནིང་རང་རྒྱལ་གྱི་གཤེར་གྱུར་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་ཀྱི་མངགས་ཐོ་55ཟིན་པ་དེས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོབ་སྐལ་བཟུང་ཚད་2021ལོའི་12%ནས་2022ལོའི་30%བར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། འདི་ལོའི་ཟླ་དང་པོར། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་རླངས་འཁོར་སྐྱེལ་འདྲེན་གྲུ་གཟིངས་17གྱི་མངགས་ཐོ་གསར་པ་ཚང་མ་ཀྲུང་གོའི་གྲུ་གཟིངས་ཁེ་ལས་ཀྱི་ཡིན་པ་རེད། གྲངས་གཞི་ལས་མངོན་གསལ། 2022ལོར། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལེགས་འགྲུབ་བྱུང་ཚད་དང་། མངག་ཐོ་གསར་པ་ལེན་ཚད། ལག་འབྱོར་མངགས་ཐོའི་གྲངས་ཚད་བཅས་དམིགས་ཚད་ཆེན་པོ་གསུམ་གྱི་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཅིང་། ལོ་13བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། འདི་ལོའི་ཟླ་དང་པོ་དང་གཉིས་པར། རང་རྒྱལ་དུ་གསར་དུ་འབྱོར་བའི་མངགས་ཐོ་ཏུན་ཁྲི་925ཟིན་པ་དེས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོབ་སྐལ་གྱི་62.8%བཟུང་ཡོད།

གྲུ་དབྱིབས་གྲུབ་ཆའི་རང་བཞིན་གྱི་འགྱུར་ལྡོག་ལས་འཕྲུལ་ཆས་དང་། ལྕགས་རིགས་བཙོ་སྦྱང་། གློག་རྡུལ་སོགས་འབྲེལ་ཡོད་ཐོན་ལས་སྦྲེལ་ཐག་གི་ནུས་པ་ཆེ་རུ་ཕྱིན་ཡོད།

དོས་སྒམ་གྲུ་གཟིངས་ཆེ་གྲས་ཀྱི་གས་འགོག་པང་ལེབ་ཚང་མ་རང་རྒྱལ་གྱིས་བཟོས་པ་དང་རྫས་འགྱུར་དངོས་རྫས་གྲུ་གཟིངས་ཀྱི་ངོས་གཉིས་བཙའ་མི་རྒྱག་པའི་ངར་ལྕགས་རང་རྒྱལ་གྱིས་བཟོས་ཚད་དེ་སྔ་50%ཡང་ཟིན་མེད་པ་ནས་ད་ཆ་90%ཡན་བར་མཐོ་རུ་ཕྱིན་ཡོད། གྲངས་གཞི་ཅན་གྱི་བཟོ་སྐྲུན་དང་། རིག་ནུས་ཅན་གྱི་སྒྲིག་ཆས་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་པ་དང་། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

ཀྲུང་གོའི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱིས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ།གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་གནས་བབ་ལོ་མང་རྒྱུན་འཁྱོངས་ཐུབ་པ།

གྲུ་དབྱིབས་གྲུབ་ཆའི་རང་བཞིན་གྱི་འགྱུར་ལྡོག་ལས་འཕྲུལ་ཆས་དང་། ལྕགས་རིགས་བཙོ་སྦྱང་། གློག་རྡུལ་སོགས་འབྲེལ་ཡོད་ཐོན་ལས་སྦྲེལ་ཐག་གི་ནུས་པ་ཆེ་རུ་ཕྱིན་ཡོད།