ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

“གནམ་དྲ་2023”གྱི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ།

2023-03-21 09:22:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་དང་ས་མཚམས་ལས་བརྒལ་བའི་རུལ་སུངས་བཅོས་སྒྲིག་ལས་དོན་གཞུང་དོན་ཁང་གིས་ཚེས་20ཉིན་ཚོགས་འདུ་འཚོགས་ནས། 2023ལོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་དང་ས་མཚམས་ལས་བརྒལ་བའི་རུལ་སུངས་བཅོས་སྒྲིག་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་འབྲེལ། “གནམ་དྲ་2023”བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

དེའི་ནང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ལས་ཐོག་ཉེས་གསོག་གི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། སྤྱི་བདེ་པུའུ་ཡིས་“ཝ་རྔོན་”ཆེད་དོན་བྱ་སྤྱོད་སྤེལ་བ། ཀྲུང་གོའི་མི་དམངས་དངུལ་ཁང་གིས་སྤྱི་བདེ་པུའུ་དང་མཉམ་དུ་རྒྱལ་མཚམས་ཕྱིའི་ཀུང་སི་དང་ས་འོག་དངུལ་མཛོད་ལ་བརྟེན་ནས་རྒྱལ་མཚམས་ཕྱིར་བཙོག་དངུལ་སྤོ་སྒྱུར་བྱེད་རིགས་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་བ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་དོགས་ཡོད་ཉེས་ཅན་དང་། ཞུ་སྦྱོར་ཕྱི་མ་བ་བྲོས་བྱོལ་དུ་སོང་བ། མི་ཤི་བའི་གྱོད་གཞིའི་བརྐུས་ནོར་ཚུར་ལེན་པའི་ཆེད་དམིགས་བྱ་སྤྱོད་སྤེལ་བ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྤྱི་བདེ་པུའུ་སོགས་དང་མཉམ་དུ་སྒྲིག་ལམ་དང་འགལ་ནས་ལས་གཉེར་དང་ལག་ཁྱེར་བཟུང་ནས་ཆེད་དམིགས་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ཡོད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

“གནམ་དྲ་2023”གྱི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ།

དེའི་ནང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ལས་ཐོག་ཉེས་གསོག་གི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། སྤྱི་བདེ་པུའུ་ཡིས་“ཝ་རྔོན་”ཆེད་དོན་བྱ་སྤྱོད་སྤེལ་བ།