ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་འགྲན་རྩོད་བཟང་ཆ་མངོན་གསལ་དོད་པོ་ཡོད་པ་དང་འདི་ལོ་བརྟན་པོའི་ངང་འགོ་ཚུགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་རེ་ཡོད་པ།

2023-03-21 09:21:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་20ཉིན་དབང་གྲགས་སྡེ་ཚན་གྱིས་འགོ་ཚུགས་གླེང་བ་ཞེས་པའི་མུ་འབྲེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས། འདི་ལོ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འགོ་ཚུགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་རེ་ཡོད། འགག་སྒོའི་སྡེ་ཚན་གྱིས་འགག་སྒོའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་། བྱ་ཐབས་སྣ་མང་སྤྱད་དེ་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་སྤུས་ཚད་མཐོར་གཏོང་འགན་ལེན་ལ་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཞེས་བསྟན་ཡོད།

འགག་སྒོའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་6དང་1800ཟིན་ཡོད། དེའི་ཐད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་འགོ་འཛིན་ཡུས་ཅན་ཧྭ་ཡིས། གཞི་ཁྱོན་དང་གྲུབ་ཆ། ཡང་ན་འཕེལ་རྒྱས་འགྲོ་ཕྱོགས་བཅས་གང་ནས་བལྟས་ཀྱང་འདི་ལོ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་ཡོངས་ནས་འགོ་འཛུགས་བརྟན་པོ་དང་འཕེལ་ཕྱོགས་ལེགས་སུ་ཕྱིན་ཡོད་ཅེས་དབྱེ་ཞིབ་གནང་ཡོད།

ཡུས་ཅན་ཧྭ་ཡིས། གཞི་ཁྱོན་ཐད་ནས་བལྟས་ན། ཟླ་དང་པོ་དང་གཉིས་པར་ཕྱིར་གཏོང་རིན་ཐང་བསྡོམས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས་0.9%འཕར་བ་དེ་སྔོན་དཔག་ལས་ཡག་པ་བྱུང་ཡོད། ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6ལས་བརྒལ་བ་དེ་ནི་ལོ་རྒྱུས་ཐོག་ཐེངས་གཉིས་པ་ཡིན། གྲུབ་ཆའི་ཐད་ནས་བལྟས་ན། རིམས་ནད་ཐོན་རིང་རང་རྒྱལ་གྱིས་སྔོན་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། རིམས་འགོག་དངོས་ཟོག་དང་ཁང་སའི་དཔལ་འབྱོར་གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཆེས་ཆེར་འཕར་ནས་ཕྱི་ཕྱོགས་ཉོ་ཚོང་གི་གཞི་གྲངས་མཐོ་རུ་བཏང་ཡོད། འཕེལ་ཕྱོགས་ནས་བལྟས་ན། ཟླ་2པ་ནས་བཟུང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་མངོན་གསལ་དོད་པོས་བརྟན་དུ་ཕྱིན་ནས་ཟླ་2པའི་མཇུག་མཐའི་གཟའ་འཁོར་དེ་གཟའ་འཁོར་གོང་མའི་དུས་མཚུངས་ལས་15%ལྷག་འཕར་ཡོད་ཅེས་ངོ་སྤྲོད་གནང་འདུག

ཡུས་ཅན་ཧྭ་ཡིས། འདི་ལོའི་ཟླ་དང་པོ་དང་གཉིས་པར་ཁེ་ལས་དེ་བས་མང་བ་ཕྱི་ཕྱོགས་ཉོ་ཚོང་ཁྱབ་ཁོངས་སུ་ཞུགས་པ་དང་། འགག་སྒོ་ལས་ཁུངས་ཀྱིས་ཐོ་འགོད་སྙན་སེང་ཞུས་པའི་ཕྱི་ཕྱོགས་ཉོ་ཚོང་གི་ཚོང་གཉེར་ ་བྱེད་པོ་གསར་པ་ཁྲི་4དང་6000ཟིན་ནས་ཁེ་ལས་ཀྱི་སེམས་ཤུགས་གཅིག་སྒྲིལ་དང་སླར་གསོ་བྱེད་བཞིན་ཡོད། མངགས་ཐོའི་ཐད། གསར་དུ་འཕར་བའི་ཕྱིར་གཏོང་མངགས་ཐོའི་དངུལ་གྲངས་འཕར་བའི་ཁེ་ལས་ཀྱི་བསྡུར་ཚད་བསྟུད་མར་མཐོ་རུ་ཕྱིན་ཡོད། སྒུལ་ནུས་གསར་པའི་ཐད། གློག་སྒུལ་རླངས་འཁོར་དང་། ལིས་གློག་རྫས། ཉི་ནུས་གློག་རྫས་བཅས་སྣ་རིགས་གསར་པ་གསུམ་གྱི་བསྡོམས་འབོར་ཕྱིར་གཏོང་བྱེད་ཚད་བརྒྱ་ཆ་དྲུག་ཅུ་འཕར་བ་དང་རྒྱལ་མཚམས་སྒྲོལ་ནས་གློག་རྡུལ་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་15.8%འཕར་ཡོད་ཅེས་ཟུར་གསལ་གནང་བ་དང་། དེ་དང་ཆབས་ཅིག་ཁོང་གིས་འགག་སྒོའི་གྲངས་གཞི་གསར་ཤོས་ནས་བལྟས་ན། ཟླ་2པའི་ཟླ་སྨད་ནས་བཟུང་། ཕྱིར་གཏོང་གི་སྒམ་བེད་སྤྱོད་བྱེད་ཚད་རྒྱུན་མཐུད་ངང་འཕར་ཡོད། རང་རྒྱལ་གྱི་འགྲན་རྩོད་བཟང་ཆ་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ཁྱོན་ཡོངས་ནས་ལེགས་སུ་སོང་བ་དང་བསྟུན་ནས། ཕྱི་ཕྱོགས་ཉོ་ཚོང་ཟླ་དང་པོ་དང་གཉིས་པར་བརྟན་པོའི་ངང་འགོ་ཚུགས་པའི་རྣམ་པ་རྒྱུན་འཁྱོངས་བྱེད་ཐུབ་རེ་ཡོད།

དེར་བརྟེན་ང་ཚོས་ད་ལོ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་སྤུས་ཚད་ལེགས་སུ་འགྲོ་རྒྱུར་སྐུལ་སྤེལ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་སེམས་ཤུགས་ཀྱིས་ཁེངས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་འགྲན་རྩོད་བཟང་ཆ་མངོན་གསལ་དོད་པོ་ཡོད་པ་དང་འདི་ལོ་བརྟན་པོའི་ངང་འགོ་ཚུགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་རེ་ཡོད་པ།

ཡུས་ཅན་ཧྭ་ཡིས། འདི་ལོའི་ཟླ་དང་པོ་དང་གཉིས་པར་ཁེ་ལས་དེ་བས་མང་བ་ཕྱི་ཕྱོགས་ཉོ་ཚོང་ཁྱབ་ཁོངས་སུ་ཞུགས་པ་དང་། འགག་སྒོ་ལས་ཁུངས་ཀྱིས་ཐོ་འགོད་སྙན་སེང་ཞུས་པའི་ཕྱི་ཕྱོགས་ཉོ་ཚོང་གི་ཚོང་གཉེར་ ་བྱེད་པོ་གསར་པ་ཁྲི་4དང་6000