ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མི་དམངས་ཉིན་རེའི་ཚགས་པར་གྱིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་མཚན་བཀོད་རྩོམ་ཡིག་བཀོད་པ།

2023-03-21 09:17:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲིར་མ་ཕེབས་གོང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་སྤྱི་ཚེས་20ཉིན། མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་ཨུ་རུ་སུ་དང་ཀྲུང་གོ་མ་འོངས་པར་ཕྱོགས་པའི་རོགས་ཟླའི་འབྲེལ་བ་ཡིན་ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་ནས་མཛའ་གྲོགས་ཀྱི་ཀྲུང་གོའི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས་ཡོད་པ་མ་ཟད། ཨུ་ཀྲུང་འབྲེལ་བ་ནི་རྒྱལ་ཁབ་ཆེན་པོའི་དབར་གྱི་ཞི་མཐུན་དང་གསར་གཏོད་རང་བཞིན་གྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་གྲོས་མོལ་ཞུ་རྒྱུ་དེས་ཕན་ཚུན་གཉིས་པོའི་ཕྱོགས་གང་ཅིའི་ཐད་ཀྱི་མཐུན་སྦྱོར་ལ་སྟོབས་ཆེའི་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་འདུག
ཕུའུ་ཅིང་གིས་རྩོམ་ཡིག་ནང་། ཀྲུའུ་ཞི་ཞི་ཅིང་ཕིང་ནས་ད་ཐེངས་འཚམས་འདྲིར་ཕེབས་པ་དེ་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ཨུ་ཀྲུང་གི་རོགས་ཟླའི་འབྲེལ་བར་དམིགས་བསལ་རང་བཞིན་ཡོད་པ་དང་། འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྱི་བདག་དབང་དང་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་སྐྲུན་པ་ཞིག་ཡིན་པ་སླར་ཡང་ར་སྤྲོད་ཐུབ་ཡོད་ཅེས་གསུངས་ཡོད།

རྩོམ་ཡིག་ནང་། ལོ་བཅུའི་རིང་། སྲ་ཞིང་བརྟན་པའི་ཨུ་ཀྲུང་གི་མཛའ་གྲོགས་དེ་མུ་མཐུད་ནས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མི་རྣམས་ཧ་ལས་དགོས་པའི་འཕེལ་རྒྱས་ཕྱིན་ཡོད། དེ་ནི་ལོ་རྒྱུས་ཐོག་ཆུ་ཚད་མཐོ་ཤོས་སུ་སླེབས་པ་མ་ཟད་མུ་མཐུད་ནས་བརྟན་ལྷིང་དར་རྒྱས་ཡོང་ངེས་ཡིན། རྒྱལ་ཁབ་གཉིས་པོས་ཡིད་རྟོན་རུང་བའི་ཆབ་སྲིད་ཀྱི་སྐད་ཆ་ཤོད་རེས་བཏོད་པ་དེ་ནི་ཁྱོན་ཡོངས་ཀྱི་དུས་རབས་གསར་པའི་འཐབ་རྩོད་ཀྱི་མཉམ་ལས་ཞིག་ཡིན་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ཨུ་རུ་སུ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་། སྒོ་དབྱེ། ཁོང་ཡངས། རྒྱལ་ཁབ་གཞན་ལ་མ་དམིགས་པ་བཅས་ཀྱི་ས་ཁུལ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་མ་ལག་སྐྲུན་རྒྱུ་དམ་པ་དོན་དུ་གཉེར་རྒྱུ་ཡིན་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། ཨུ་ཀྲུང་འབྲེལ་བ་ནི་རྒྱལ་ཁབ་ཆེན་པོ་གཉིས་དབར་གྱི་ཞི་མཐུན་དང་གསར་གཏོད་རང་བཞིན་གྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན་ཞེས་འཁོད་ཡོད། ཁོང་གིས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འཐབ་ཇུས་ཀྱི་གདམ་གའི་ཨུ་ཀྲུང་གི་མཛའ་གྲོགས་དང་རོགས་ཟླའི་འབྲེལ་བར་བརྟེན་པས། དེ་མུ་མཐུད་སྟོབས་ཆེར་འགྲོ་ངེས་ཡིན་པ་དང་། དེས་ཨུ་རུ་སུ་དང་ཀྲུང་གོར་བདེ་སྐྱིད་དང་དར་རྒྱས་གཏོད་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག

འཛམ་གླིང་སྐར་ཁུངས།

▶རྒྱ་མཚོའི་ནང་སྤོས་འགྱིག་གི་རྡུལ་ཕྲན་དུང་ཕྱུར་ཁྲི་170ཙམ་ཡོད་འདུག

གཞན་ཡང་དཔལ་འབྱོར་རིག་པའི་ཇུས་འདོན་ཚོགས་པ་དང་འཇར་ཕན་གྱི་ཁེ་གཉེར་མིན་པའི་སྒྲིག་གཞི་སྟེ་འཇར་ཕན་རྒྱུ་ནོར་ཚོགས་པས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་།

中央广播电视总台 央广网 版权所有

མི་དམངས་ཉིན་རེའི་ཚགས་པར་གྱིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་མཚན་བཀོད་རྩོམ་ཡིག་བཀོད་པ།

རྩོམ་ཡིག་ནང་། ལོ་བཅུའི་རིང་། སྲ་ཞིང་བརྟན་པའི་ཨུ་ཀྲུང་གི་མཛའ་གྲོགས་དེ་མུ་མཐུད་ནས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མི་རྣམས་ཧ་ལས་དགོས་པའི་འཕེལ་རྒྱས་ཕྱིན་ཡོད