ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འབྱུང་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

2023-03-20 13:54:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་དཔལ་ཤར་བ་དང་བསྟུན་ནས་རྩྭ་རྩི་ཤིང་མྱུ་གུ་རྒྱས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འབྱུང་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།

ད་ལོ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ཐད་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་2023ལོའི་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་གི་མ་དངུལ་སྔོན་རྩིས་སྒོར་དུང་ཕྱུར་500ལྷག་ཙམ་གཤམ་སྤྲོད་བྱས་ཟིན་ཡོད་པ་རེད། ཅང་སུའུ་ཐའེ་ཧུའུ་མཚེའུ་ཡི་ནུབ་ངོགས་སུ། ཐའེ་ཧུའུ་མཚེའུ་བསྐོར་བའི་ཞིང་ལས་ངོས་ཀྱི་སྦགས་བཙོག་འགོག་པའི་ལས་གྲྭ་ཉེ་ཆར་ལས་འགོ་ཚུགས་པ་དང་། ཏན་ལིན་སོགས་མཚོ་དང་མཚེའུའི་འཚོ་བཅུད་དངོས་པོ་ཚད་ལས་བརྒལ་ཏེ་ཐའེ་ཧུའུ་མཚེའུའི་ནང་བཞུར་རྒྱུ་ཉུང་དུ་ནུས་ལྡན་གཏོང་རྒྱུ་ཡིན་པ་རེད། ད་ལོ་ཅང་སུའུ་ཞིང་ཆེན་གྱིས་ཐའེ་ཧུའུ་མཚེའུ་སྲུང་སྐྱོབ་དང་བཅོས་སྐྱོང་གི་ལས་གྲྭ་ཁག་166ལས་འགོ་འཛུགས་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་112བཏང་ཡོད།

མིག་སྔར་བྱ་རིགས་གནས་སྤོ་བྱེད་པའི་དུས་ཚིགས་སུ་སླེབས་པ་དང་། ཕོའོ་དབྱང་མཚེའུའི་ཐོག ཅང་ཞི་ཏུའུ་ཁྲང་དུས་བྱའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལས་དོན་མི་སྣས་དཔྱིད་དུས་ཆུ་ཁ་དམའ་བའི་གོ་སྐབས་སྤྱད་དེ་མི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་པའི་རྩྭ་མོན་བུ་དུས་ཚོད་དམ་འཛིན་གྱིས་བཏབ་ནས། མཚེའུ་ཁུལ་གྱི་ཆུ་འབྱིངས་རྩི་ཤིང་གི་གྲངས་འབོར་སླར་གསོ་དང་ཞན་འགྱུར་འདམ་ར་སླར་གསོ་བྱེད་པ་དང་ཆབས་ཅིག གནས་སྤོ་བའི་དུས་བྱའི་རིགས་ལ་བཟའ་བཅའ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ཧྥུའུ་ཅན་ཡུག་སྦྲེལ་ཁུལ་དུ་ཁྱོན་མ་དངུལ་སྒོར་དུང་ཕྱུར་398བཏང་བའི་ཝུའུ་དབྱི་ཧྲན་བསྐོར་བའི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་འཕེལ་རྒྱས་ཁུལ་མགྱོགས་མྱུར་བསྐྲུན་བཞིན་ཡོད་པ་རེད། སྲུང་སྐྱོབ་ཁུལ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་4000ལྷག་ཙམ་ཡོད་པ་དང་། དེ་དག་ནི་ནགས་ཚལ་འབྱུང་ཁམས་མ་ལག་སྲུང་སྐྱོབ་ཉམས་གསོ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། རྨིན་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་སོགས “འདེགས་སྐྱོར་རྣམ་གྲངས་ཆེ་གྲས་བཅུ”དང་འབྲེལ་བ་ཡོད་པ་རེད།
ད་ལོ། རྒྱལ་ཁབ་ཀྱི་འབྱུང་ཁམས་སྲུང་སྐྱོབ་ནུས་པ་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་ཡོངས་ཀྱི་རྒྱ་མཚོའི་འོ་འཐུང་སྲོག་ཆགས་ཀྱི་ཆུ་འོག་སྒྲ་རིག་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་ཐོག་མ་དེ་ཉེ་ཆར་ཀོང་ཞི་པེ་ཧའེ་རུ་སྤྱོད་འགོ་ཚུགས་པ་དང་། ཞིབ་འཇུག་མི་སྣས་མཚོ་ཐོག་ཏུ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཆ་ཚང་4བཀོད་སྒྲིག་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་སྲུང་སྐྱོབ་ཁུལ་གྱི་མཚོ་ཁོངས་ནང་གི་ཀྲུང་ཧྭའི་མཚོ་ཕག་དཀར་པོ་སོགས་ཀྱི་སྐད་སྒྲ་དབྱེ་འབྱེད་ཐུབ་པ་བྱས་ཡོད་པས། རང་རྒྱལ་གྱི་རྒྱ་མཚོའི་འོ་འཐུང་སྲོག་ཆགས་ལ་ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད་པ་རེད།

ལོ་5ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར་རྒྱལ་ཁབ་ཀྱི་འབྱུང་ཁམས་སྲུང་སྐྱོབ་དམར་ཐིག་ལྟ་སྐུལ་དོ་དམ་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དམར་ཐིག་ཁྱབ་ཁོངས་ནང་གི་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ་རེད།

中央广播电视总台 央广网 版权所有

ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འབྱུང་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

ལོ་5ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར་རྒྱལ་ཁབ་ཀྱི་འབྱུང་ཁམས་སྲུང་སྐྱོབ་དམར་ཐིག་ལྟ་སྐུལ་དོ་དམ་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དམར་ཐིག་ཁྱབ་ཁོངས་ནང་གི་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ་རེད།