ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》པར་འགྲེམས་བྱས་པ།

2023-03-20 13:54:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》པར་འགྲེམས་བྱས་པ་རེད།
《ཇུས་གཞིའི》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུ་དེ་ཏང་ཡོངས་སུ་སྤེལ་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགོ་ཡག་པོ་འཛུགས་དགོས་པ་བཏོན་ཡོད།

《ཇུས་གཞིའི》ནང་། ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་གཞིགས་ཐོག གནད་དོན་ལ་ཐད་ཀར་དམིགས་ཏེ། གནད་དོན་གསེད་བཀྲོལ་ཆེན་པོ་དང་དཀའ་གནད་གྲལ་བཤེར་ཆེན་པོ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་རིང་གི་འགག་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་དགོས། རིམ་ཁག་ཏང་ཨུད་(ཏང་ཙུའུ་)ཀྱིས་འགན་ནུས་དང་འགན་འཁྲི་གཞིར་བཟུང་། གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་དང་། རྙོག་འཛིང་ཆེ་བའི་དཀའ་གནད་སྒྲོལ་བར་བྱེད་པའི་ཐབས་ཇུས་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག དུས་རབས་གསར་པ་དང་གནས་ཚུལ་གསར་པར་རྒྱང་ལྟའི་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག ལས་དོན་རྣམ་གྲངས་གལ་ཆེན་གྱི་རྗེས་འདེད་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག དཔེ་མཚོན་གྱོད་གཞིའི་གཤགས་ལས་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལྟ་ཞིབ་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་བཅས་ལ་གཞིགས་པ་དང་། གཙོ་གནད་འབུར་ཐོན་དང་གནད་འགག་ཐུག་སར་ཐད་ཀར་དམིགས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་གཏན་འཁེལ་བྱ་དགོས། བརྟག་ཞིབ་ཀྱི་ནང་དོན་ནང་གཙོ་བོ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ས་ཁུལ་དང་རང་སྡེ་ཚན་རང་ཁྱབ་ཁོངས་བཅས་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་གཙོ་བོ་དང་གཙོ་གནད་གནད་དོན་སོགས་ཕྱོགས་12ཚུད་ཡོད་པ་རེད།

《འཆར་གཞིའི》ནང་ད་དུང་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བྱེད་ཐབས་དང་གོ་རིམ་སོགས་ཀྱི་ཐད་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》པར་འགྲེམས་བྱས་པ།

《འཆར་གཞིའི》ནང་ད་དུང་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་བྱེད་ཐབས་དང་གོ་རིམ་སོགས་ཀྱི་ཐད་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད།