ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཟླ་2པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་11%འཕར་བ།

2023-03-18 15:05:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་གཉིས་པར་། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་6950ཟིན་པ་དེ་དུས་མཚུངས་ལས་11%འཕར་ཡོད། ཐོན་ལས་ཆེན་པོ་གསུམ་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། “དཔལ་འབྱོར་བརྟན་པོའི”ཕྱོགས་སུ་སྐྱོད་པའི་བརྡ་འཕྲིན་མངོན་ཡོད།

ཐོན་ལས་དབྱེ་ནས་བལྟས་ན། འདི་ལོའི་ཟླ་གཉིས་པར་ཐོན་ལས་དང་པོའི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་84ཟིན་པ་དེ་དུས་མཚུངས་ལས་8.6%འཕར་བ་དང་། ཐོན་ལས་གཉིས་པར་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་4523ཟིན་པ་དེ་དུས་མཚུངས་ལས་19.7%འཕར་བ། ཐོན་ལས་གསུམ་པས་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་1235ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཐད་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་1108ཟིན་ནས་དུས་མཚུངས་ལས་9.2%ཆག་ཡོད་པ་རེད།

གཞན་ཡང་འདི་ལོའི་ཟླ་དང་པོ་ནས་གཉིས་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་སྟོང་ཝ་ཆུ་ཚོད་དུང་ཕྱུར་13834ཟིན་པ་དེ་དུས་མཚུངས་ལས་2.3%འཕར་ཡོད་པ་རེད། ཐོན་ལས་དང་པོས་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་174ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ། ཐོན་ལས་གཉིས་པར་གློག་སྤྱོད་ཚད་ སྟོང་ཝ་ཆུ་ཚོད་དུང་ཕྱུར་8706ཟིན་པ་དེ་དུས་མཚུངས་ལས་2.9%འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲི་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཟླ་2པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་11%འཕར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་གཉིས་པར་། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོ