ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཁེ་ཆང་གིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་དང་དཔྱིད་གསར་དུས་ཆེན་གྱི་བཞུགས་མོལ་གནང་བ།

2023-01-19 10:21:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། སྤྱི་ཚེས་18ཉིན་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་གོར་ཕྱག་ལས་གནང་བཞིན་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པའི་འཐུས་མི་དང་ཐུག་འཕྲད་གནང་བ་མ་ཟད་བཞུགས་མོལ་སྤེལ་རེས་གནང་ཡོད།
ལི་ཁེ་ཆང་གིས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་དང་། ཚང་མས་ཡུན་རིང་ནང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཀྲུང་གོའི་སྲིད་གཞུང་གི་ལས་དོན་ཆེད་གྲོས་འགོ་དང་ཇུས་མང་ཙམ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པའི་འཐུས་མི་མང་པོས་གཏམ་བཤད་སྤེལ་ཡོད།

ལི་ཁེ་ཆང་གིས། འདས་ཟིན་པའི་ལོ་གཅིག་ནང་། རིམས་ནད་སོགས་རྒྱལ་ཁབ་ཕྱི་ནང་གི་སྔོན་དཔགས་ལས་བརྒལ་བའི་རྒྱུ་རྐྱེན་མང་པོའི་ཕོག་རྡུང་མདུན་དུ། ཀྲུང་གོའི་དཔལ་འབྱོར་གྱིས་འགྲན་རྩོད་ལ་ཁ་གཏད་བཅག་པ་དང་དཀའ་ངལ་ཁྱད་བསད་ཁྲོད་གོང་འཕེལ་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ང་ཚོས་དཔལ་འབྱོར་གྱི་གནས་བབས་ཆེན་པོ་བརྟན་པོ་དང་ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བ་བྱས་ཡོད་པས། རྒྱུན་མཐུད་གོང་འཕེལ་ཆེད་རྨང་གཞི་ཡག་པོ་བཏིང་ཡོད།

ལོ་ཧྲིལ་པོར་དཔལ་འབྱོར་ལུགས་མཐུན་ངང་འཕར་སྣོན་བྱུང་བ་དང་། དེ་གློ་བུར་དུ་རིམས་ནད་ཐོན་པའི་སྤྱི་ལོ་2020ལོ་ནས་མཐོ་བ་ཡོད། གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་ཞུགས་གསར་པ་སྔོན་དཔགས་ལས་ལེགས་པ་བྱུང་ནས་མི་བྱེ་བ་གཅིག་དང་ས་ཡ་གཉིསལྷག་ཟིན་ཡོད་པ་དང་། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་བརྡལ་དུ་བརྟག་དཔྱད་བྱས་པར་ལས་ཤོར་བྱེད་ཚད་བརྒྱ་ཆ་5.5ཡིན། ཡུལ་མིའི་མཛད་སྤྱོད་རིན་གོང་དེ་འཛམ་གླིང་ཐོག་དངུལ་ལོར་འགྲེམ་ཐལ་ཤོར་ཚད་མཐོ་བའི་རྒྱབ་ལྗོངས་འོག་བརྒྱ་ཆ་2ལས་མཐོ་རུ་ཕྱིན་མེད་པས། དེ་ནི་ལོ་དེ་དག་ནང་སྤྱི་ཁོགས་སྲིད་ཇུས་དམ་འཛིན་ལུགས་མཐུན་བྱས་པ་ལས་བྱུང་བ་ཞིག་ཡིན། མཚན་ཡིག་རྒྱུན་མཐུད་ངང་འཕར་སྣོན་ཆེན་པོ་བྱུང་མེད་ལ། དངུལ་ལོར་ཚད་ལས་བརྒལ་བ་འགྲེམ་སྤེལ་བྱས་མེད་པ་དང་། འབྲུ་རིགས་དང་ནུས་རྒྱུ་མཁོ་སྤྲོད་བརྟན་པོ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་བར་ཁམས་སུ་རྒྱུན་འཁྱོངས་ཐུབ་པ་བཅས། གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན། མ་གཞི་དཀའ་ངལ་དང་འགྲན་རྩོད་མང་པོ་འཕྲད་ཡོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ལེགས་སྒྲིག་བྱས་པ་དང་བསྟུན། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་འཕར་སྣོན་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་དང་།
ལི་ཁེ་ཆང་གིས། ཀྲུང་གོས་གོང་འཕེལ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་གཡོ་འགུལ་མེད་པར་རྒྱུན་འཁྱོངས། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་། གཡོ་འགུལ་སྤུ་ཙམ་མེད་པ་གཉིས་རྒྱུན་འཁྱོངས་བཅས་བྱས་ཏེ། ཕྱི་ཕྱོགས་ཚོང་པའི་མ་འཇོག་ཁེ་དབང་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱས་ཡོད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་སེམས་ཤུགས་ཆེ་རུ་བཏང་ཡོད། ཀྲུང་གོས་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། མུ་མལཐུད་ནས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་སྤེལ་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་དེ་བས་མང་བས་ཀྲུང་གོར་ཕྱག་ལས་ལ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ལས་ཀའི་ཆོག་མཐུས་དང་། ཤེས་ལྡན་མི་སྣའི་ལམ་ཡིག་དང་གནས་སྡོད་སྲིད་ཇུས་སྔར་བས་ལེགས་བཅོས་བྱ་རྒྱུ། ཁྲལ་བསྡུ་དང་ཕྱི་དངུལ་ཉོ་སྒྲུབ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། བུ་ཕྲུག་སློབ་གྲྭར་སྐྱོད་པ་སོགས་ཀྱི་སྲིད་ཇུས་ལེགས་བཅོས་དང་དོན་འཁྱོལ་བྱས་ཏེ། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ཚོ་བློ་བདེ་པོའི་ངང་ཀྲུང་གོར་ཕྱག་ལས་གནང་རྒྱུར་འགན་ལེན་བྱ་རྒྱུ་བཅས་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་དང་དཔྱིད་གསར་དུས་ཆེན་གྱི་བཞུགས་མོལ་གནང་བ།

ལོ་ཧྲིལ་པོར་དཔལ་འབྱོར་ལུགས་མཐུན་ངང་འཕར་སྣོན་བྱུང་བ་དང་། དེ་གློ་བུར་དུ་རིམས་ནད་ཐོན་པའི་སྤྱི་ལོ་2020ལོ་ནས་མཐོ་བ་ཡོད། གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་ཞུགས་གསར་པ་སྔོན་དཔགས་ལས་ལེགས་པ་བྱུང་ནས་མི་བྱེ་བ་གཅིག་དང་ས་ཡ་གཉིསལྷག་ཟིན་ཡོད་པ་དང་།