ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པར་ཆོག་མཆན་འགོད་པའི་དབང་ཚད་དང་གོ་རིམ་གཏན་འབེབས》པར་འགྲེམས་བྱས་པ།

2023-01-18 09:58:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་ཁྲིམས་ལས་འགལ་བའི་ཏང་ཡོན་ལ་ཆད་པ་གཅོད་པར་ཆོག་མཆན་འགོད་པའི་དབང་ཚད་དང་གོ་རིམ་གཏན་འབེབས》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་། 《གཏན་འབེབས་》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཐོག ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་དང་བསྡུ་ལེན་བྱས་ཏེ། ཏང་གི་རིམ་པ་ཁག་དང་རིགས་ཁག་གི་རྩ་འཛུགས་ཀྱིས་སྒྲིག་ཁྲིམས་ལས་འགལ་བའི་ཏང་ཡོན་ལ་ཆད་པ་གཅོད་པར་ཆོག་མཆན་འགོད་པའི་དབང་ཚད་དང་གོ་རིམ་ཐད་ལ་རྒྱུད་རིམ་ལྡན་པའི་ཚད་ལྡན་དང་གཏན་འབེབས་གསལ་པོ་བྱས་ཡོད། དེའི་ཐོག་ནས་རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་གཤིས་རྒྱུད་གསལ་པོ་གང་ལེགས་མངོན་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།

བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཏང་གི་བྱ་གཞག་དང་། ཏང་ཡོན། ལས་བྱེད་པ་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་དང་། སྲུང་སྐྱོང་། ལག་བསྟར་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། 《གཏན་འབེབས》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ《གཏན་འབེབས》དེ་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་ནང་བཅུག་ནས་སྣེ་ཁྲིད་དེ《གཏན་འབེབས》ལག་བསྟར་ནན་པོ་བྱེད་དགོས་པ་དང་། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང་《གཏན་འབེབས》ནང་གཏན་འཁེལ་བྱས་པའི་ལས་འགན་དང་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ《གཏན་འབེབས》ལྟར་སྒྲིག་ཁྲིམས་ཆད་གཅོད་དབང་ཆ་སྤྱོད་དགོས་པ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པར་ཆོག་མཆན་འགོད་པའི་དབང་ཚད་དང་ལས་བྱེད་པའི་མི་དོན་དོ་དམ་གྱི་དབང་ཚད་དང་སྤྱིའི་ཆ་ནས་དོ་མཉམ་པའི་རྩ་དོན་ལྟར། ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་དོན་ཆད་གཅོད་བྱེད་པར་ཆོག་མཆན་འགོད་པའི་དབང་ཚད་དང་གོ་རིམ་འཐུས་ཚང་དུ་བཏང་སྟེ། སྒྲིག་བསྟར་དང་ཁྲིམས་བསྟར་འབྲེལ་མཐུད་ཡོང་བར་འགན་ལེན་ཏན་ཏིག་དང་། ལྟ་སྐུལ་འགན་སྲུང་ལག་བསྟར་དང་གོང་སྤེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པར་ཆོག་མཆན་འགོད་པའི་དབང་ཚད་དང་གོ་རིམ་གཏན་འབེབས》པར་འགྲེམས་བྱས་པ།

བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།