ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་ལྔ་པ་མཇུག་སྒྲིལ་བ།

2023-01-18 09:36:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པ་སྤྱི་ཚེས་17ཉིན་གྱི་སྔ་དྲོ་པེ་ཅིང་དུ་མཇུག་སྒྲིལ་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་གནང་ཡོད།
གྲོས་ཚོགས་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གྲོས་ཚོགས་ཀྱི་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་བ་དང་། གྲོས་མོལ་དང་གྲོས་བསྡུར་གཏིང་ཟབ་གནང་ཡོད། ཚང་མས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་འཆར་ཟིན་དང་། གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་ཞུའི་འཆར་ཟིན། སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་ཇུས་གཞིའི་འཆར་ཟིན་བཅས་ལ་མོས་མཐུན་གནང་ཡོད་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལན་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། ཚང་མས། ལོ་ལྔའི་རིང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་དང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་འཛུབ་ཁྲིད་བྱས་ཏེ། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་གཞིགས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད་ལ། ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད་པས། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་མི་དམངས་སྲིད་གྲོས་ཀྱི་བཟང་ཆའི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད་པའི་ངོས་འཛིན་གནང་ཡོད།

ཝང་དབྱང་གིས་གསུངས་བཤད་གནང་སྐབས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་གུས་འདུད་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཁོང་གིས། འདས་ཟིན་པའི་ལོའི་རིང་གི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པས། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་སྟོབས་ཆེའི་འགོ་ཁྲིད་གནང་བའི་མཇུག་འབྲས་ཡིན་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་སྤྱི་ཚོགས་ཕྱོགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་མཇུག་འབྲས་ཡིན་ལ། མི་དམངས་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་རིམ་ཁག་སྒྲིག་འཛུགས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཀྱང་ཡིན། རྒྱུན་ལས་ཨུ་ཡོན་རྣམས་ནས་མིག་དཔེ་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་ལས་འགན་སྒྲུབ་པའི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད་ཅེས་བསྟན་གནང་བ་དང་།
ཝང་དབྱང་གིས། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དེ་རིམ་པ་བཞིན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་ཞིག་ཡིན་པས། སྐབས་རེ་རེའི་སྲིད་གྲོས་ཨུ་ཡོན་ཚོས་རྒྱུན་མཐུད་འབད་འཐབ་བྱེད་དགོས་ཀྱི་ཡོད། སྲིད་གྲོས་ཨུ་ཡོན་ནི་གཟི་བརྗིད་ཡིན་ལ། དེ་བས་ཀྱང་འགན་འཁྲི་ཞིག་ཡིན། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། སྲིད་གྲོས་ལས་དོན་གྱི་ཆོད་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་མདུན་ཕྱོགས་སུ་གོང་འཕེལ་ཟམ་མི་ཆད་པ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྐོང་ཚོགས་བྱེད་གྲབས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཞིབ་ཚགས་ངང་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་ནས། ཚོགས་ཆེན་བདེ་བླགས་ངང་ལེགས་གྲུབ་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།

མཇུག་སྒྲིལ་ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན། ཉིན་རེའི་གྲོས་རིམ་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱས་ཡོད།

གྲོས་ཚོགས་ཐོག་བརྡད་ཐག་བཅད་པ་བརྒྱུད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ནང་ཞུགས་མཁན་ཚན་པ་དང་ཨུ་ཡོན་གྱི་མི་གྲངས། ཨུ་ཡོན་གྱི་འོས་མིའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་ཇུས་གཞིའི་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་ཡོད་ཅིང་། འཆར་ཟིན་དེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱས་ཡོད། ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པའི་ཐོག་ཐག་ཆོད་མེད་པའི་བྱ་དོན་ལ་གྲོས་ཞིབ་བྱ་རྒྱུའི་དབང་ཆ་སྤྲོད་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཡོད།

ལིའུ་ཅེ་དབྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་རྗེས་སྣོན་བྱས་ཡོད། ཀྲང་ཅིང་ཨན་གྱིས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལྷན་ཁང་དུ་བཅའ་སྡོད་ཀྲུའུ་རེན་གཞོན་པའི་འགན་འཁུར་རྒྱུ་མིན་པ་དང་། ཀྲང་ཤའོ་ལན་གྱིས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལྷན་ཁང་དུ་བཅའ་སྡོད་ཀྲུའུ་རེན་གཞོན་པའི་འགན་འཁུར་རྒྱུ་མིན་པ། ལིའུ་ཧུའེ་ཡིས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལྷན་ཁང་དུ་བཅའ་སྡོད་ཀྲུའུ་རེན་གཞོན་པའི་འགན་འཁུར་རྒྱུ་མིན་པ་བཅས་རེད། ཀྲུའུ་ཅི་མན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འགན་གནས་དགོངས་ཞུ་བྱས་པ་དང་ལེན་བྱས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་ལྔ་པ་མཇུག་སྒྲིལ་བ།

གྲོས་ཚོགས་ཐོག་བརྡད་ཐག་བཅད་པ་བརྒྱུད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ནང་ཞུགས་མཁན་ཚན་པ་དང་ཨུ་ཡོན་གྱི་མི་གྲངས། ཨུ་ཡོན་གྱི་འོས་མིའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་།