ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཨན་ཧུའེ་ཡིས་ལོ་གསར་པར་འགོ་གསར་པ་འབད་པས་རྩོམ་བཞིན་པ།

2023-01-17 15:19:00     责编:娜科

ལོ་གསར་པ་ཤར་ཚུན་ཨན་ཧུའེ་ཡིས་དམིགས་འབེན་གྱིས་འབད་འཐབ་ལ་སྣེ་ཁྲིད་བྱེད་པ་དང་། ཚ་ཚ་འུར་འུར་ངང་འགོ་ཡག་པོ་འཛུགས་བཞིན་ཡོད་པ་དང་། འབད་འཐབ་དང་བརྩོན་ལེན་གྱི་ཁ་ཚ་དགོས་གཏུག་བསམ་པའི་ཐོག་ནས། ཁྱབ་ཁོངས་གཙོ་གནད་ལ་དམིགས་པ་དང་། རྣམ་གྲངས་ཀྱི་འདེགས་སྐྱོར་ཤུགས་ཆེར་བཏང་ནས། རྣམ་གྲངས་ལས་དོན་ཁག་མྱུར་ཚད་མགྱོགས་སུ་དང་། སྤུས་ཚད་ལེགས་སུ། ཕན་འབྲས་མཐོ་རུ་བཅས་གཏོང་བཞིན་ཡོད་པ་རེད།

ཨན་ཧུའེ་ཧོ་ཧྥེའི་མངའ་ཁོངས་ཀྱི་གཙང་ཆུ་སྐམ་སར་དྲངས་ནས་བསྐྲུན་པའི་གྲུ་ཁ་ཞིག་ཏུ་གྲུ་གཟིངས་མང་པོ་གྲུ་ཁ་ནས་གློད་རྒྱུར་སྒུག་བསྡད་ཡོད། མི་རིང་བའི་གོང་གཙང་ཆུ་སྐམ་སར་དྲངས་ནས་གྲུ་ལམ་བཟོས་པའི་རྣམ་གྲངས་ཀྱི་དུས་རིམ་དང་པོའི་ལས་གྲྭར་གྲུ་ཤར་གཏོང་གི་ཚོད་ལྟ་བྱས་པ་རེད། ལོ་གསར་པ་འཆར་རྗེས། དུས་རིམ་གཉིས་པའི་ལས་གྲྭའི་ལག་བསྟར་མགྱོགས་སུ་གཏོང་བཞིན་ཡོད། ལས་གྲྭ་དེའི་འཆར་འགོད་ཆེན་མོ་བ་ཀྲུའུ་ཆིང་གིས་ངོ་སྤྲོད་གནང་བར། དུས་རིམ་གཉིས་པའི་ལས་གྲྭ་བསྐྲུན་ཚར་རྗེས། སྤྱི་ལོ་2035ལོར་གཙང་ཆུ་འདྲེན་པའི་འབོར་ཚད་སྨི་རྒྱང་དཔངས་གྲུ་བཞི་མ་དུང་ཕྱུར13.71ཟིན་རྒྱུ་དང་། དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་དང་། གཙང་པོའི་རྒྱུད་ཀྱི་ཆུ་ཐོག་སྐྱེལ་འདྲེན། འབྱུང་ཁམས་ལེགས་བཅོས་བཅས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཐུབ་རྒྱུ་རེད་ཅེས་གསུངས་འདུག

ད་ལོའི་དུས་ཚིགས་དང་པོར། ཨན་ཧུའེ་ཞིང་ཆེན་གྱིས་ལས་འགོ་བཙུགས་པའི་རྣམ་གྲངས་1017ཟིན་པ་དང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར་7069.1ཟིན་པ། དེ་དག་བཟོ་སྐྲུན་ལས་རིགས་དང་། རྨང་གཞིའི་སྒྲིག་བཀོད། དམངས་འཚོའི་ལས་གཞི་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད། དེ་དག་ཁྲོད་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་གིས་མ་འཇོག་གི་སྤྱིའི་བསྡོམས་འབོར་གྱི་བརྒྱ་ཆ་70.8ཟིན་ཡོད་པ་རེད། དེ་ལྟར་ཨན་ཧུའེ་ཡིས་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ལས་མཇུག་མགྱོགས་ཙམ་སྒྲིལ་བ་བྱེད་པ། བེད་སྤྱོད་མགྱོགས་ཙམ་ཐུབ་པ་བཅས་བྱས་ནས། ལོ་གསར་པའི་དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་བརྩོན་ལེན་ཐུབ་པ་བྱེད་བཞིན་ཡོད་པ་རེད།

གཙོ་གནད་རྣམ་གྲངས་ཀྱིས་གྲུབ་འབྲས་རྩེ་གྲ་བརྩོན་ལེན་བྱེད་བཞིན་ཡོད་ལ། ཁེ་ལས་མང་པོ་དུས་ཚོད་དམ་འཛིན་གྱིས་ཕྱི་རྒྱལ་དུ་བསྐྱོད་བཞིན་ཡོད། ཟླ་བ་འདིའི་ཟླ་མགོར། ཨན་ཧུའེ་ཡིས་གནམ་གྲུ་གླས་ནས་ལྗར་པན་སོགས་རྒྱལ་ཁབ་ཏུ་ཉོ་ཚོང་མཉམ་ལས་ཀྱི་གྲོས་མོལ་བྱེད་པར་བསྐྱོད་མཁན་དེ་དག་ཀྱང་གྲུབ་འབྲས་ལེགས་པོ་ཁྱེར་ནས་ལོག་ཟིན་ཡོད་པ་རེད། དེ་ཡང་ལྗར་པན་དུ་བསྐྱོད་རིང་གན་རྒྱ་དངོས་སུ་བཞག་པ་དང་གན་རྒྱ་འཇོག་རྒྱུར་མོས་པ་བྱུང་བའི་ཕྱི་ཕྱོགས་ཉོ་ཚོང་གི་མངགས་ཐོའི་རྣམ་གྲངས་33ཟིན་པ་དང་། དངུལ་སྒོར་དུང་ཕྱུར་22.4ཟིན་ཡོད། ཚོགས་པ་དང་མཉམ་དུ་ཡོད་པའི་ཝུའུ་ཧུའུ་ཡི་ཁེ་ལས་ཤིག་གི་ལས་སྒོའི་སྤྱི་གཉེར་ཅིན་ཏའོ་ཀུའུ་ཡིས། ཚོགས་པ་རྗེས་མ་བསྐྱོད་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད་འདུག
ཨན་ཧུའེ་ཞིང་ཆེན་ཚོང་དོན་ཐིང་ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུའུ་ཁྲང་ཡུས་ཀྱིས། ཕྱི་ཕྱོགས་ཉོ་ཚོང་གི་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་བྱ་སྤྱོད་དེ་སྤྱི་ལོ་2023ལོ་ཧྲིལ་པོར་སྤེལ་རྒྱུ་རེད།

ཞིང་ཆེན་དང་གྲོང་ཁྱེར་རྫོང་བཅས་རིམ་པ་གསུམ་གྱི་ཁེ་ལས་ཕྱི་རྒྱལ་གྱི་གཙོ་གནད་ཁྲོམ་རར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས། ཕྱི་རྒྱལ་གྱི་ས་ཐོག་ས་དངོས་ཀྱི་འགྲེམ་སྟོན་100དང་། དྲ་ཐོག་དྲ་འོག་གི་ཉོ་ཚོང་སྐུལ་འདེད་བྱེད་སྒོ་ཁག་100ལ་ཞུགས་སུ་འཇུག་རྒྱུ་རེད་ཅེས་གསུངས་འདུག

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཨན་ཧུའེ་ཡིས་ལོ་གསར་པར་འགོ་གསར་པ་འབད་པས་རྩོམ་བཞིན་པ།

ཞིང་ཆེན་དང་གྲོང་ཁྱེར་རྫོང་བཅས་རིམ་པ་གསུམ་གྱི་ཁེ་ལས་ཕྱི་རྒྱལ་གྱི་གཙོ་གནད་ཁྲོམ་རར་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས། ཕྱི་རྒྱལ་གྱི་ས་ཐོག་ས་དངོས་ཀྱི་འགྲེམ་སྟོན་100དང་། དྲ་ཐོག་དྲ་འོག་གི་ཉོ་ཚོང་སྐུལ་འདེད་བྱེད་སྒོ་ཁག་100ལ་ཞུགས་སུ་འཇུག་རྒྱུ་རེད་ཅེས་གསུངས་འདུག