ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧྲན་ཏུང་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ།

2023-01-17 15:18:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧྲན་ཏུང་ནི་དཔལ་འབྱོར་ཞིང་ཆེན་ཆེན་པོ་ཞིག་ཡིན་པ་དང་། ལོ་གསར་པའི་ནང་། ཧྲན་ཏུང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་གང་འདྲ་བྱས་ནས་ལགལ་བསྟར་དོན་འཁྱོལ་བྱེད་པ་དང་། གང་འདྲ་བྱས་ནས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དཔལ་འབྱོར་ཞིང་ཆེན་ཆེན་པོའི་འགན་འཁྲི་ལེགས་པར་འཁུར་རྒྱུའི་ཐད། ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་ལ་བཅར་འདྲི་ཞུས་ཡོད།

སྤྱི་ལོ་2022ལོར་ཧྲན་ཏུང་གི་དཔལ་འབྱོར་གྱིས་བརྟན་པོའི་ཁྲོད་ལེགས་པར་ཕྱོགས་པ་དང་། ཡར་རྒྱས་ཁྲོད་སྤུས་ཚད་མཐོ་རུ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་ས་ཁུལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་8.7ཟིན་ནས། གོང་འཕེལ་གྱི་གྲུབ་གཞི་དེ་བས་ལེགས་པ་དང་། ཕན་འབྲས་དེ་བས་ལེགས་པ། རྒྱབ་ཤུགས་དེ་བས་ཆེ་བ་བཅས་སུ་གྱུར་ཡོད། ལོ་གསར་པ་ཤར་མ་ཐག་ཧྲན་ཏུང་གིས་སྦགས་མེད་ཐཱན་ཉུང་སྤུས་མཐོའི་གོང་འཕེལ་སྔོན་སྐྱོད་ཁུལ་བསྐྲུན་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བཏོན་ནས། གསར་གཏོད་ཆེན་པོ་བཅུ་དང་། ནང་མཁོ་རྒྱ་སྐྱེད་ཆེན་པོ་བཅུ། ཐོན་ལས་སྟོབས་ཆེན་བཅུ་ཞེས་པའི་བྱ་སྤྱོད་གང་མགྱོགས་ལག་བསྟར་གྱིས། སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་ཞིང་ཆེན་ཧྲིལ་པོའི་སྤུས་མཐོའི་གོང་འཕེལ་ལ་སྣེ་ཁྲིད་བྱེད་བཞིན་ཡོད་པ་རེད།

ཧྲན་ཏུང་གི་བཟོ་ལས་སྣེ་རིགས་འཐུས་སྒོ་ཚང་བ་དང་། ཐོན་ལས་ཀྱི་རྨང་གཞི་བརྟན་པོ་དང་ཡག་པོ་ཡོད། ད་ལོ་ཧྲན་ཏུང་གིས་རྒྱུན་མཐུད་ངང་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་། རྩེར་སོན་སྒྲིག་ཆས། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཐོན་ལས་སྟོབས་ཆེན་བཅུར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་རྒྱུ་རེད། གྲངས་འཛིན་དཔལ་འབྱོར་གྱི་ཕན་ནུས་ཐོན་རྒྱུར་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་པོའི་སྒོ་ནས་རྒྱལ་ཁབ་ཀྱི་བཟོ་ལས་དྲ་སྦྲེལ་དཔེ་སྟོན་ཁུལ་འཛུགལས་པ་དང་། རིག་ནུས་བཟོ་གྲྭ་དང་། གྲངས་འཛིན་ཅན་གྱི་འཁོར་ཁང་ཁག་གཅིག་འཛུགས་རྒྱུ་དང་། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་བརྒྱ་ཆ་8.5ལས་བརྒལ་བ་བྱས་ཐོག གྲངས་འཛིན་བརྗེ་བསྒྱུར་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་བརྗེ་སྒྱུར་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་པ་རེད།

ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག གསར་གཏོད་ལ་བརྟེན་ནས་གོང་འཕེལ་གྱི་སྒུལ་ནུས་གསར་པ་གསོ་སྤེལ་བྱེད་དགོས་ཞེས་བསྟན་ཡོད། ད་ལོ་ཧྲན་ཏུང་གིས་རྒྱལ་ཡོངས་ཀྱི་ས་ཁོངས་ཁག་གི་གསར་གཏོད་ལྟེ་གནས་ལ་གཞིགས་ནས། ཚན་རྩལ་ཞིབ་བཟོ་གསར་སྤེལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། ཤེས་ལྡན་མི་སྣ་ནང་འདྲེན་གསོ་སྐྱོང་། གྲངས་འཛིན་བརྗེ་སྒྱུར། རྐྱེན་གཙོའི་འགན་སྲུང་། དོན་འཁྱོལ་ལ་སྐུལ་འདེད་སོགས་གཙོ་གནད་གསར་གཏོད་བྱ་སྤྱོད་འཆར་གཞི་ཆེ་ཁག་བཅུ་ལ་སྐུལ་འདེད་བཏང་ནས། སྔར་བས་ཕན་འབྲས་ལེགས་པར་འགྱུར་བ་དང་འགག་གཏོར་ཐུབ་པ་བྱེད་བཞིན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཧྲན་ཏུང་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ།

ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག གསར་གཏོད་ལ་བརྟེན་ནས་གོང་འཕེལ་གྱི་སྒུལ་ནུས་གསར་པ་གསོ་སྤེལ་བྱེད་དགོས་ཞེས་བསྟན་ཡོད། ད་ལོ་ཧྲན་ཏུང་གིས་རྒྱལ་ཡོངས་ཀྱི་ས་ཁོངས་ཁག་གི་གསར་གཏོད་ལྟེ་གནས་ལ་གཞིགས་ནས། ཚན་རྩལ་ཞིབ་བཟོ་གསར་སྤེལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང་།