ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དུས་ཆེན་གྱི་ཁྲོམ་རའི་དངོས་ཟོག་སྣ་ཁ་འཛོམས་ལ་རིན་གོང་བརྟན་པོ་དང་མཁོ་སྤྲོད་འདང་ངེས་ཡོད་པ།

2023-01-17 15:14:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དུས་ཆེན་གི་ཁྲོམ་རར་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། ས་གནས་ཁག་གིས་དུས་ཆེན་གྱི་ཚོང་ཟོག་དང་དེ་བཞིན་བཟའ་འབྲུ་དང་ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བཞིན་ཡོད། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་ཆེ་གྲས་ཀྱིས་ཞིང་ལས་ཐོན་རྫས་བསྡུ་འགྲེམ་དང་འཁོར་རྒྱུག་སོགས་ཚོང་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་བྱེད་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། དཔྱིད་གསར་དུས་ཆེན་གྱི་ཁྲོམ་རའི་དགོས་མཁོར་དམིགས་ནས། ཁྲོམ་ར་ཆེ་གྲས་ཁག་གིས་ཚོང་ཟོག་གྲ་སྒྲིག་བྱེད་ཚད་མང་དུ་བཏང་བ་དང་སྣ་ཁ་ཕུན་སུམ་ཚོགས་སུ་བཏང་ཡོད།

ལྷོ་ནུབ་ས་ཁུལ་གྱི་ཤིང་འབྲས་འཁྱགས་སྦྲེལ་མཛོད་ཉར་ཟོན་འདྲེན་ཉོ་ཚོང་ལྟེ་གནས་ཆེ་ཤོས་སུ། སི་ཁྲོན་སོགས་ས་ཁུལ་གྱི་ཚ་ལུ་མ་དང་རྒུན་འབྲུམ་དེ་ག་ནས་བར་བརྒྱུད་བྱས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གཏོང་གི་ཡོད་པ་རེད། མིག་སྔར། རྒྱལ་ཡོངས་སུ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་8227ཟིན་པ་དེ་དུས་མཚུངས་ལས་མུའུ་ཁྲི་97མང་དུ་ཕྱིན་ཡོད་པ་རེད། ཀུའེ་ཀྲོའུ་དང་། ཧོ་པེ། ཧོ་ནན་སོགས་ལྷོ་ཕྱོགས་ཀྱི་སྔོ་ཚལ་བྱང་ཕྱོགས་སུ་སྐྱེལ་འདྲེན་རྟེན་གཞི་དང་བྱང་ཕྱོགས་ཀྱི་སྒྲིག་བཀོད་སྔོ་ཚལ་ཞིང་ཆེན་ཆེ་གྲས་ཀྱིས་ལག་རྩལ་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་འབྲེལ་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཉེ་དུས་ཀྱི་གྲང་རྒྱུན་གནམ་གཤིས་ལ་ཁ་གཏད་གཅོག་བཞིན་ཡོད་པ་རེད།
ཞིང་ལས་དང་གྲོང་གསེབ་པུའི་བཀོད་གཏོང་གསར་ཤོས་ལས་མངོན་པར་གཞིགས་ན། འབྲུ་སྣུམ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱེད་པའི་རྨང་གཞི་བརྟན་པོ་ཡོད་པ་དང་། ཤིང་འབྲས་ཀྱི་སྣ་རིགས་མང་བ། སྒོ་ངའི་ཐོན་ནུས་རྒྱུན་མཐུད་ངང་མང་དུ་འགྲོ་གི་ཡོད་པ་རེད། སྔོན་དཔག་བྱས་ན་དཔྱིད་གསར་དུས་ཆེན་རིང་། བཟའ་འབྲུ་དང་ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་མཁོ་སྤྲོད་སྤྱི་འབོར་འདང་ངེས་ཡོད་པ་དང་། ཁྲོམ་རའི་ཉོ་ཚོང་གཉིས་ཀ་ཡག་པོ་ཡོད་ཅིང་། རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོད་པ་རེད།
ལེའོ་ཉིང་ཧྲེན་དབྱང་དང་ཅང་ཞི་ནན་ཁྲང་སོགས་ཀྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རར་འབྲས་དང་གྲོ་ཞིབ། སྣུམ་བཅས་ཀྱི་ཐུམ་སྒྲིལ་ཆེ་ཆུང་སྣ་ཚོགས་དང་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་ཚོང་སྒྲོམ་ཐོག་བྱུར་བུར་སྒྲིག་ཡོད་པ་རེད།

དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ས་གནས་ཁག་གི་བཟའ་བཏུང་ཁེ་ལས་ཀྱི་གྲགས་ཅན་ཚོང་རྟགས་རྙིང་པ་ཁག་གཅིག་དང་བཟའ་བཅའ་སོས་པའི་སྒོ་རྩིས་ཚོང་ཁང་ཁག་གཅིག་གིས་དྲ་ཐོག་དང་དྲ་གཤམ་གཉིས་ནས་དུས་གཅིག་ཏུ་ལོ་གསར་གྱི་མཁོ་ཆས་དང་ས་གནས་ཀྱི་ཁྱད་ལྡན་ཚལ་སོགས་འཚོང་ཏེ། དུས་ཆེན་རིང་གི་ཁྲོམ་རའི་མཁོ་འདོན་འགན་ལེན་བྱས་ཡོད་པ་རེད།

ཚོང་དོན་གྲངས་གཞི་ཆེན་མོས་གཙོ་གནད་དྲ་ཐོག་ཚོང་དོན་ལས་སྟེགས་ལ་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། “2023ལོའི་རྒྱལ་ཡོངས་ཀྱི་དྲ་ཐོག་ལོ་གསར་གྱི་མཁོ་ཆས་དུས་ཆེན”གྱི་ཉིན་དང་པོ་ནས་བཅོ་ལྔ་པའི་བར། རྒྱལ་ཡོངས་སུ་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་6526ཟིན་ཡོད་པ་དང་། དེའི་ནང་དངོས་པོའི་རིགས་ཀྱི་ཚོང་ཟོག་དྲ་རྒྱའི་ཐོག་ནས་སིལ་ཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་5701ཟིན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དུས་ཆེན་གྱི་ཁྲོམ་རའི་དངོས་ཟོག་སྣ་ཁ་འཛོམས་ལ་རིན་གོང་བརྟན་པོ་དང་མཁོ་སྤྲོད་འདང་ངེས་ཡོད་པ།

དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ས་གནས་ཁག་གི་བཟའ་བཏུང་ཁེ་ལས་ཀྱི་གྲགས་ཅན་ཚོང་རྟགས་རྙིང་པ་ཁག་གཅིག་དང་བཟའ་བཅའ་སོས་པའི་སྒོ་རྩིས་ཚོང་ཁང་ཁག་གཅིག་གིས་དྲ་ཐོག་དང་དྲ་གཤམ་གཉིས་ནས་དུས་གཅིག་ཏུ་ལོ་གསར་གྱི་མཁོ་ཆས་དང་ས་གནས་ཀྱི་ཁྱད་ལྡན་ཚལ་སོགས་འཚོང་ཏེ།